​བོད་ལྗོངས་ཀྱིས་དཔེ་རྙིང་ཚད་ལྡན་ཡིག་ཆའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2010ལོར་བོད་ལྗོངས་ཀྱིས་དཔེ་རྙིང་ཚད་ལྡན་ཡིག་ཆའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པ་དང་།  ད་ཆ་ཡོངས་ཁྱབ་ཞིབ་བཤེར་ལས་ཀ་སྤྱི་ཡོངས་ཀྱི65%སྤྱིར་ན་ལེགས་སྒྲུབ་ཟིན་ཏེ།  གངས་ལྗོངས་གནའ་དཔེའི་གཏེར་མཛོད་དང་པོ།  ཁག་དང་པོ་དང་གཉིས་པ།  གསུམ་པ་བཅས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་མཛོད་ཀྱི་པར་རིས་སོགས་བོད་ཡིག་དཔེ་རྙིང་གི་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་ཀྱི་འབྲས་བུའི་དཔེ་ཚོགས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།

ཉིན་ཤས་གོང་གངས་ལྗོངས་གནའ་བོའི་གཏེར་མཛོད་གཉིས་པ།  ཁག་བཞི་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་མཛོད་ཀྱི་པར་རིས་དང་།  གངས་ལྗོངས་གནའ་དཔེའི་གཏེར་མཛོད་གསུམ་པ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩ་ཆེའི་གནའ་དཔེའི་པར་རིས་སོགས་བོད་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་ཀྱི་དཔེ་ཚོགས་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།  དེ་ནི་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།