ཉིང་ཁྲི་གྲོང་ཁྱེར་གྱིས2018ལོའི་ལོ་འཁོར་གྱི་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོ་དང་འགྲེམ་སྤེལ་གྱི་ལས་དོན་ཏན་ཏིག་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ཏེ་ལག་པ་སྔ་ཙམ་འགུལ་བ་དང་། སྐུལ་སློང་རྒྱ་ཁྱབ་ཏུ་བྱེད་པ། དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མངགས་ཉོ་དང་འགྲེམས་སྤེལ་བྱེད་ཐབས་གསར་གཏོད་བྱེད་པ། མངགས་ཉོའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་ཀྱིས《མི་དམངས་ཉིན་རེའི་ཚགས་པར》དང་། 《བདེན་འཚོལ》དུས་དེབ《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་མངགས་ཉོ་དང་འགྲེམས་སྤེལ་གྱི་ལས་དོན་ཏན་ཏིག་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

2018ལོའི་ལོ་འཁོར་གྱི་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོ་དང་འགྲེམས་སྤེལ་ལས་དོན་སྤེལ་རིང་། ཉིང་ཁྲི་གྲོང་ཨུད་ཀྱིས་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོ་དང་འགྲེམས་སྤེལ་ལས་དོན་ཡག་པོ་སྤེལ་རྒྱུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ལ། ཏང་གི་གསར་འགྱུར་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཁུངས་ཚགས་པར་དང་ལས་ཁུངས་དུས་དེབ་ཀྱི་གཙོ་ཁྲིད་གནས་བབ་བརྟན་དུ་གཏོང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྟོབས་ཆེར་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུའི་ཁྲིད་སྟོན་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོར་འཆང་རྒྱུའི་ཁྲིད་སྟོན་བྱེད་པ། “གདེང་ཚོད་བཞི”ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཚོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།

ཉིང་ཁྲི་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། ཚན་པ་ཁག་དང་སྡེ་ཚན་ཁག་ལ་རང་འགུལ་ངང་ལས་དོན་སྤེལ་དགོས་པ་དང་། དྲིལ་བསྒྲགས་སྡེ་ཚན་ལ་དྲིལ་བསྒྲགས་སྐུལ་སློང་དང་ཞིབ་བཤེར་ལྟ་སྐུལ་ལས་དོན་དང་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོ་དང་འགྲེམས་སྤེལ་ལས་དོན་ཡག་པོ་སྤེལ་དགོས་པ། རྩ་འཛུགས་སྡེ་ཚན་ལ་ཏང་དངུལ་བཏོན་ནས་གཞི་རིམ་ཏང་རྩ་འཛུགས་ལ་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོ་བྱེད་རོགས་བྱེད་དགོས་པ། ནོར་སྲིད་སྡེ་ཚན་ལ་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོའི་ཆེད་སྤྱོད་གྲོན་དངུལ་གཏོང་སྤྲོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་གྲོང་སྡོད་ལས་དོན་རུ་ཁག་མངགས་གཏོང་ཚན་པར་ས་ཁུལ་དབུལ་པོར་ཏང་གི་ཚགས་པར་དང་དུས་དེབ་ཞལ་འདེབས་རྒྱག་རྒྱུའི་ལྕག་སྐུལ་དང་། གཞུང་ཁོངས་ཁེ་ལས་ལ་རིགས་གནས་དབུལ་སྐྱོར་གྱི་ཚགས་པར་སྤྲོད་པའི་བྱེད་སྒོར་ཞུགས་རྒྱུའི་ལྕག་སྐུལ། མི་སྒེར་ལ་ཏང་གི་ཚགས་པར་དང་དུས་དེབ་མངགས་ཉོ་བྱ་རྒྱུའི་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།