གནས་སྤོས་དབུལ་སྐྱོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོ།

1512010563170706.jpg

འདི་ནི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མི་ཨ་ཉིས་ཁྱིམ་དུ་འཐག་ལས་བྱེད་བཞིན་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཟླ12པའི་ཚེས15ཉིན། བོད་ཀྱི་དུད་ཚང285དང་གྲོང་མི1310ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱས་ནས་དུས་བཞིའི་བཀྲ་ཤིས་གྲོང་ཚོར་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ལུང་གཞུང་དུ་གནས་པའི་གྲོང་ཚོ་ཆུང་ངུ་དེར་དབུལ་སྒྲོལ་ཕྱུག་འགྱུར་གྱི་བདག་པོ་བསུས། དུས་བཞིའི་བཀྲ་ཤིས་གྲོང་ཚོར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.43བཏང་བ་དང་དེ་གནམ་ཐང་ལམ་དང་། ལྷ་གཞིས་ལྕགས་ལམ། རྒྱལ་ལམ318སོགས་ཀྱི་རྒྱུད་དུ་གནས་ཤིང་། ཆུ་གློག་དང་། ཉི་ཐབ། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། སྨན་བཅོས་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་རེད།

1512010564912825.jpg

འདི་ནི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མི་ཚེ་གྲུབ(གཡོན)དང་རྒྱགས་ལོད(གཡས)ཀྱིས་མཉམ་དུ་གཉེར་སྐྱོང་བྱེད་པའི་ཚོང་ཁང་གི་མདུན་དུ་མཉམ་པར་རྒྱག་པ།

1512010563465365.jpg

མིག་སྔའི་བར་དུ་དུས་བཞིའི་བཀྲ་ཤིས་གྲོང་ཚོས་སྔ་རྗེས་སུ་གྲོང་མི་སྒྲིག་འཛུགས་བྱས་ནས་ཁ་ལོ་བ་དང་། མི་རིགས་ལག་ཤེས་བཟོ་རྩལ་འཐག་ལས་སོགས་གསོ་སྦྱོང་སྣ་ཚོགས་བྱས་པར་མི་ཐེངས456ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།