བོད་ལྗོངས་ཀྱི་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཆེད་དུ་དོན་དངོས་བྱ་གཞག་བསྒྲུབས་པ།

W020171103448424169312.jpg

ན་ཆུང་བྱིས་པའི་བདེ་ཐང་ཆེད། རིན་མེད་སྨན་རྫས་མཁོ་འདོན་བྱས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཙུགས་ནས་ལས་དོན་སྤེལ་ཚུན།  རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོར་བཅའ་སྡོད་བྱས་པ་དང་།  མང་ཚོགས་དང་འབྲེལ་བ་གཏིང་ཟབ་བྱས་པ།  མང་ཚོགས་ཀྱི་ཆེད་དུ་དོན་དངོས་བྱ་བཞག་བསྒྲུབས་པ།  དཀའ་ངལ་སེལ་རོགས་བྱས་པ།  ལས་དོན་ཡག་པོ་བསྒྲུབས་པ་སོགས་བྱས་པས་མི་དམངས་མང་ཚོགས་ཀྱི་གདེང་འཇོག་དང་བསྔགས་བརྗོད་ཚད་མེད་ཐོབ་ཡོད། 

ལྷ་ས་ཉིན་རེའི་ཚགས་པར་ཁང་ནས་མངགས་གཏོང་བྱས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་སྨན་དོན་མི་སྣ་བཀོད་སྒྲིག་བྱས་ནས། ས་ཆའི་དེ་གའི་སློབ་གྲྭར་ནད་གཞི་བརྟག་དཔྱད་བྱས་པ་དང་འབྲེལ་སྒོར25000རི་བའི་སྨན་རྫས་རིན་མེད་ངང་སྤྲད་ཡོད།  ཞིང་ལས་དངུལ་ཁང་ལྷ་ས་ཉིང་ལག་དངུལ་ཁང་ནས་མངགས་གཏོང་བྱས་པའི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་ལས་དོན་རུ་མིས་ཞིང་ཐང་དུ་སྐྱོད་དེ་ས་ཆ་དེ་གའི་མང་ཚོགས་ཚོར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད།།

W020171103448424252407.jpg

ཞིང་ཕན་སྲིད་ཇུས་ཁྱབ་བསྒྲགས་བྱས། ཞིང་པ་མང་ཚོགས་བློ་སྒོ་འབྱེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།