​ལྷ་ས་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གི་བུ་ཕྲུག་གི་མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་ཞིབ་སྲོལ་བཏོན་པ་དེ་སྤྱི་ལོ2016ལོ་ནས2017ལོའི་སློབ་དུས་ནས་འགོ་བཙུགས་ཏེ་ལག་བསྟར་བྱས་ནས།  རིན་མེད་སློབ་གསོའི་སློབ་ཆེན་སློབ་མར་སློབ་ཡོན་དང་ཉལ་ཁང་རིན་པ།  དེབ་རིན་བཅས་རྩ་ཆག་གཏོང་རྒྱུ་མ་ཟད་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད།

ཞིབ་སྲོལ་དེའི་ནང་ཐེམ་ཁོངས་ལྷ་ས་གྲོང་ཁྱེར་ནས་ཡིན་ཞིང་འཆར་གཞིའི་ནང་སློབ་ཆེན་དུ་ཚུད་པ།  ལྗོངས་ཕྱི་ནང་གི་ཉིན་གང་ལམ་ལུགས་སྤྱིར་བཏང་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མ།  ཞིབ་འཇུག་སློབ་མར་རིན་མེད་སློབ་གསོ་ལག་བསྟར་བྱེད་རྒྱུ་དང་རིན་མེད་སློབ་གསོ་ལག་བསྟར་བྱེད་ཡུལ་སློབ་ཆེན་སློབ་མས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གི་ལག་འཁྱེར་དང་གྲོང་གསེབ་མ་ཐའི་འཚོ་བའི་འགན་ལེན་ལག་འཁྱེར་སྟོན་དགོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།