ལྷོ་ཁ་གྲོང་ཁྱེར་གྱི་དངུལ་རྩའི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུས་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་སྐྱོར་བྱས་པ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་། ལྷོ་ཁ་གྲོང་ཁྱེར་དངུལ་རྩའི་གནད་སྨིན་དབུལ་སྐྱོར་འགོ་ཁྲིད་ཚོགས་ཆུང་། གྲ་ནང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བའི་ལྷོ་ཁ་གྲོང་ཁྱེར་གྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར(ཐོན་ལས)ཚོད་ལྟའི་རྫོང་དང་དངུལ་རྩའི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་གྲ་ནང་རྫོང་དུ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་(ཐོན་ལས)ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྫོང་དབུལ་པོ་དང་ཞིང་དུད་དབུལ་པོར་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་དངུལ་གྱི་དཀའ་ངལ་སེལ་རོགས་ཏན་ཏིག་བྱས་ཏེ། དུད་ཚང་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། དངུལ་རྩའི་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ། དངུལ་རྩའི་ཀུན་ཕན་ནུས་པ་ཆེ་རུ་གཏོང་བ། ཡིད་རྟོན་ཁོར་ཡུག་ལེགས་སུ་གཏོང་བ། ཡིད་རྟོན་དང་། ཁྲོམ་ར། འཕེལ་རྒྱས་ཀྱི་གཏིང་ཤུགས་བཅས་ལྡན་པའི་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས་ཀྱི་ཐབས་ལམ་ནུས་ལྡན་ལ་རྒྱབ་སྐྱོར་བཅས་བྱེད་རྒྱུ་གྲོང་གསེབ་ཀྱི་དཔལ་འབྱོར་བྱེད་པོའི་མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་དངུལ་རྩའི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས“དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས+དྲ་ཐོག་ཚོང་དོན+སྒུལ་བདེའི་གཏོང་སྤྲོད”ཀྱི་ནུས་པ་དང་གྲོང་ཁྱེར་དེའི་ཞིང་འབྲོག་ཁུལ་དུ་གཏོང་སྤྲོད་ཞབས་ཞུ་ཁྱབ་སྤེལ་གཏོང་བའི་ཁོར་ཡུག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། ཞབས་ཞུའི་ས་ཚིགས་ཀྱིས་སྲོལ་རྒྱུན་གྱི་ཞིང་སྐྱོར་དངུལ་ལེན་ལས་སྒོ་གཉེར་བ་ཕུད། ད་དུང་འབོར་ཉུང་དངུལ་བརྗེས་དང་། མི་དམངས་ཤོག་སྒོར་རྙིང་རལ་བརྗེ་ལེན། དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས། འབོར་ཉུང་ཡིད་རྟོན་དངུལ་བུན་གཏོང་བ་སོགས་ཀྱི་ནུས་པ་མང་དུ་བཏང་ཡོད་པ་རེད། དེ་དང་དུས་མཚུངས“སྦྲག་སྲིད་ཚོང་དཔོན”གྱི་ལས་སྟེགས་མ་ལག་བཀོད་སྒྲིག་བྱས་ནས་ལས་སྟེགས་ཁང་གི་ཚོང་ཟོག་མཛོད་འཇུག་དང་། ཕྱིར་ཚོང་། རྩད་འདྲི་སོགས་ཀྱི་གློག་རྡུལ་ཅན་གྱི་དོ་དམ་དང་ལག་ཐོགས་ཁ་པར་གྱི་གྲོན་དངུལ་གསབ་སྣོན་དང་། དྲ་ཐོག་ཉོ་སྒྲུབ། གནམ་གྲུའི་སྤ་སེ་མངགས་ཉོ་སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུས་ནས་གྲོང་གསེབ་ཏུ་ཚོང་ཟོག་དཀོན་པ་དང་འགྲོ་རྒྱུག་མི་བདེ་བའི་གནད་དོན་ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།