འདི་ནི་ཟླ9བའི་ཚེས12ཉིན་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མ་འགའ་སློབ་རའི་ནང་དུ་འགྲོ་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས12ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་གི་དུས་རིམ་གསུམ་པའི་ལས་གཞི་ལེགས་འགྲུབ་བྱུང་བའི་ཞིབ་བཤེར་མཛད་སྒོ་བསྡུས་པ་དང་། དེ་ལས་བོད་ལྗོངས་ནང་བསྟན་སློབ་གླིང་གིས་གྲྭ་བཙུན1000ལྷག་བསྡུས་ཏེ་སློབ་ཁྲིད་བྱེད་པའི་ཆ་རྐྱེན་ཡོངས་སུ་འཛོམས་པ་མཚོན། རྒྱུས་ལོན་བྱས་པ་ལྟར་ན། བོད་ལྗོངས་ནང་བསྟན་སློབ་གླིང་གི་དུས་རིམ་གསུམ་པའི་ལས་གཞིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ43550.53ཡོད་པ་དང་། འཛུགས་སྐྲུན་རྣམ་གྲངས་ལ་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། ཚོགས་ཁང་། དཔེ་མཛོད་ལྟེ་གནས་དང་། ཆོས་རྩོད་ར་བ་སོགས་འདུས་ཤིང་། སློབ་གླིང་དུ་ད་རུང་སྤྲུལ་སྐུ་དང་། ཡོངས་འཛིན། སློབ་མ། ལས་བཟོ་བ་བཅས་ཀྱི་སྡོད་ཁང་གསར་བ་བཀོད་སྒྲིག་བྱས་ཡོད། 2008ལོའི་ཟླ10བའི་ཚེས18ཉིན། ལྷ་སའི་ཆུ་ཤུར་རྫོང་མཉེས་ཐང་ཤང་མངའ་ཁོངས་ཀྱི་རགས་སྟོད་དགོན་པའི་མདུན་ནས་བོད་ལྗོངས་ནང་བསྟན་སློབ་གླིང་གི་འཛུགས་སྐྲུན་ལས་གཞི་ལས་འགོ་བརྩམས། 2011ལོའི་ཟླ10བའི་ཚེས20ཉིན་བོད་ལྗོངས་ནང་བསྟན་སློབ་གླིང་དངོས་སུ་སློབ་འགོ་ཚུགས་ཏེ་ཐོག་དང་པོར་གྲྭ་བ150བསྡུས་པ་རེད། །
འདི་ནི་ཟླ9བའི་ཚེས12ཉིན་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མས་ལྡེབས་རིས་ལྟ་སྦྱོང་བྱེད་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཟུར་ཞིག་རེད།
འདི་ནི་བོད་ལྗོངས་ནང་བསྟན་སློབ་གླིང་གི་དུས་རིམ་གསུམ་པའི་ལས་གཞི་ཁྲོད་ཀྱི་མཆོད་རྟེན་ཞིག་རེད།
འདི་ནི་བོད་ལྗོངས་ནང་བསྟན་སློབ་གླིང་གི་དུས་རིམ་གསུམ་པའི་ལས་གཞིའི་ལུས་རྩལ་ར་བ་རེད།
འདི་ནི་བོད་ལྗོངས་ནང་བསྟན་སློབ་གླིང་གི་དུས་རིམ་གསུམ་པའི་ལས་གཞིའི་དགེ་སློབ་རྣམས་ཀྱི་སྡོད་ཁང་རེད།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ནང་བསྟན་སློབ་གླིང་གི་དུས་རིམ་གསུམ་པའི་ལས་གཞི་ལེགས་འགྲུབ་བྱུང་བ།