ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་བོད་ལྗོངས་ལ་ཆོས་རྩོད་དུ་ཕེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆོས་རྩོད་ནི་བོད་བརྒྱུད་ནང་བསྟན་ཤེས་རིག་གི་སློབ་གཉེར་གྱི་འགྲོ་རིམ་གལ་ཆེན་ཞིག་ཡིན་ལ།  དགེ་འདུན་པ་རྣམས་ཀྱིས་ཆོས་གཞུང་ལ་སློབ་སྦྱོང་བྱེད་པ་ཚད་འཇལ་བའི་ཐབས་ལམ་ཞིག་ཀྱང་ཡིན།  ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་ནས་ལོ་འཁོར30འགོར་བའི་དུས་བཟང་གི་ཉིན་མོ་སྟེ་སྐབས་བཅུ་བཞི་བའི་མཐོ་རིམ་སློབ་གཉེར་གྱི་རིམ་པའི་ཁྲོད་ས་སྐྱ་བ་དང་དགེ་ལུགས་པའི་སློབ་མ23ལྷག་དགའ་ལྡན་དགོན་པ་དང་འབྲས་སྤུངས་དགོན་པ།  ས་སྐྱ་དགོན་པ་སོགས་སུ་ཉིན10རིང་དུ་དགོན་པ་སོ་སོའི་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་རྩོད་སློབ་གཉེར་བྱེད་པའི་འགོ་བརྩམས་པ་རེད། 

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ལོ་ངོ་བཞིའི་རིང་དུ་སློབ་གཉེར་བྱས་པའི་སྐལ་བཟང་བྱམས་པ་ནི་ཀན་སུའུ་ཅོ་ནེའི་དགོན་པ་ནས་འོང་བའི་སློབ་མ་ཞིག་ཡིན་ལ།  འདི་ནི་ཐེངས་དང་བོར་བོད་ལྗོངས་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་ཆོས་རྩོད་བྱེད་པ་རེད།  དེ་རིང་གི་ཆོས་རྩོད་ལ་བློ་ཡིད་ཚིམ་པོ་བྱུང་ཡོད།  དགེ་བཤེས་རྣམས་ལ་ཆོས་རྩོད་བྱེད་པའི་གོ་རིམ་ཁྲོད་ནས་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་བླངས་སོང་།  ཆོས་རྩོད་ལ་ཞུགས་པའི་སྐལ་བཟང་བྱམས་པ་དགའ་སྤྲོས་མྱོས་འདུག

1503974359625970.jpg

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

རྒྱུས་ལོན་བྱས་པ་ལྟར་ན།2015ལོ་ནས་བཟུང་།  ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་སྔ་རྗེས་སུ་སེ་ར་དགོན་པ་དང་ར་སྟོད་དགོན་པ།  བཀྲ་ཤིས་ལྷུན་པོ་དགོན་པ།  སྨིན་གྲོལ་གླིང་དགོན་པ་སོགས་དགོན་སྡེ་ཁག་ནས་ཆོས་རྩོད་བྱས་ཤིང་དགོན་པའི་མཁྱེན་དཔྱོད་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་དགེ་འདུན་པ་རྣམས་ཕན་ཚུན་ལ་ཆོས་རྩོད་བྱས་པ་དང་།  དགོན་པའི་དགེ་བཤེས་དང་དགེ་འདུན་པ་རྣམས་ཆོས་རྩོད་རྒྱག་སའི་ཡུལ་དངོས་ལ་ཕེབས་ནས་དཔྱད་བརྗོད་བགྱིས། ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་སློབ་མ་བོད་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་འོང་ནས་ཆོས་རྩོད་བྱེད་པ་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་རྒྱབ་སྐྱོར་ཚད་མེད་བྱས་པར་མ་ཟད། དགོན་པ་མང་བོའི་གདན་འདྲེན་ཞུ་ཡིག་སློབ་གླིང་ལ་དངོས་སུ་འབྱོར། 

1503974359974186.jpg

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

ཟླ8ཚེས24ཉིན་ལ། འབྲས་སྤུངས་དགོན་པའི་ཆོས་རྩོད་ཐོག་མ་མཇུག་སྒྲིལ་རྗེས།  སྐབས་བཅུ་བཞི་བའི་མཐོ་རིམ་སློབ་གླིང་གི་འཛིན་གྲྭའི་གཙོ་བདག་རྒན་དགེ་རོང་བསྟན་འཛིན་གྱིས།  འདི་ནི་ཕན་ཚུན་རྒྱུས་ལོན་བྱེད་པའི་སྡིངས་ཆ་གལ་ཆེན་ཞིག་ཡིན་ལ།  ཆོས་རྩོད་ཀྱི་རྣམ་པ་དང་ཐབས་ལམ་ལ་བརྟེན་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་མོས་པ་འདྲེན་ཐུབ་ལ།  སློབ་མའི་ཤེས་རིག་སློབ་པར་རོགས་རམ་ཆེན་པོ་བྱེད་ཐུབ།  དགེ་བཤེས་རྣམ་པ་དང་ལྷན་དུ་ཆོས་རྩོད་བྱེད་རྒྱུ་ནི་ཧ་ཅང་དཀའ་ངལ་ཆེ་བ་ཞིག་ཡིན།  གལ་ཏེ་མི་སྒེར་ངོས་ནས་བོད་ལྗོངས་ཀྱི་དགོན་པ་སོ་སོ་ནས་ཆོས་རྩོད་བྱེད་རྒྱུ་ནི་དཔེར་མི་སྲིད་ལ་འགྲུབ་ཀྱང་མི་ཐུབ།  ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད།  དགོན་སྡེ་སོ་སོའི་རྒྱབ་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།  ཞེས་བཤད་པ་དང་།  ཐེངས་འདིའི་ཆོས་རྩོད་ཁྲོད་སློབ་མ་རྣམས་ཀྱིས་འཇོན་ཚད་ལེགས་པོ་མངོན་པ་ལ་ཁོ་རང་ཡིད་ཚིམ་ཡོད་པ་དང་།  ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མའི་ཤེས་འཇོན་ལ་བསྟོད་བསྔགས་ཚད་མེད་གནངས། 

1503974359710495.jpg 

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

ཆོས་རྩོད་ཀྱི་ནང་དོན་ནི་གཞུང་ཆེན་བཀའ་པོད་ལྔ་སྟེ།  ཚད་མ་རིག་པ།  ཕར་ཕྱིན།  དབུ་མ།  འདུལ་བ།  མཛོད་བཅས་ཡིན་པ་དང་།  བཀའ་པོད་རེ་ལ་ཉིན་གཅིག་ལ་རྩོད་པ་བྱས།  སློབ་མ་རེ་རེས་དགོན་སྡེ་ཁག་ནས་དགེ་འདུན་པ་བཞི་བརྒྱ་ལྔ་བརྒྱའི་ཁྲོད་ནས་ཆོས་རྩོད་བྱེད་དགོས།  མཚམས་སྦྱོར་བྱས་པ་ལྟར་ན།  སྐབས་བཅུ་བཞི་བའི་མཐོ་རིམ་དགེ་བཤེས་རྡོ་རམས་པ་རྣམས་ཀྱིས་དགོན་པ་ནས་ལོ20ཡས་མས་སུ་སློབ་གཉེར་བྱས་པའི་རྨང་གཞིའི་སྟེང་།  ཡང་བསྐྱར་ལོ་གསུམ་ལ་ནང་བསྟན་སློབ་གླིང་ནས་སློབ་གཉེར་བྱས་ཏེ། ད་ལྟ་ལོ་གཅིག་གི་རིང་གི་དུས་ཚོད་བེད་སྤྱད་དེ2018ལོའི་ཟླ5པར་མཐར་ཕྱིན་པར་གྲ་སྒྲིག་བྱེད་ཀྱིན་ཡོད།  ཤེས་འཇོན་ལ་ལྟ་སྐུལ་ནན་མོ་བྱས་ཏེ་ཆོས་རྩོད་དང་དཔྱད་རྩོམ་གྱི་དམ་བཅའ་བཞག་རྗེས།  ཁོ་ཚོར་འབུམ་རབས་ཞིབ་འཇུག་སློབ་མའི་བསླབ་གནས་དང་མཚུངས་པའི་རྡོ་རམས་བསླབ་གནས་ཐོབ་པ་རེད།  

1503974359532847.jpg

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གསོ་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་གསོ་ཟུང་འབྲེལ་གྱིས་སྤེལ་བའི་སློབ་གསོའི་རྣམ་པ་ཞིག་ཡིན།  སློབ་མས་ནང་ཆོས་ཀྱི་ཤེས་རིག་ལས་གཞན་རྒྱ་ཡིག་དང་རྩིས་འཁོར།  ཆབ་སྲིད་དང་གཞན་པའི་དེང་རབས་ཀྱི་ཚན་རིག་རིག་གནས་ཀྱི་ཤེས་བྱ་སྦྱང་ཆོག་པས།  དགེ་འདུན་པའི་ཤེས་ཡོན་གྱི་མ་ལག་ཆ་ཚང་དུ་བཏང་། ཆོས་རྩོད་ཀྱི་ཁྲོད་སློབ་མ་རྣམས་ཀྱིས་རང་གི་ནང་ཆོས་ཀྱི་གཞུང་ལུགས་ཀྱི་འཇོན་ཐང་ངོམས་ལ། ཆོས་རྩོད་ཀྱི་བརྒྱུད་རིམ་སློབ་གཉེར་འདི་ནི་ཕན་ཚུན་ལ་རྒྱུས་ལོན་བྱེད་པའི་སྡིངས་ཆ་གལ་ཆེན་ཞིག་ཡིན།  ཆོས་རྩོད་ཀྱི་རྣམ་པ་ལ་བརྟེན་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་པའི་འདུན་པ་མཐོར་འདེགས་སུ་གཏོང་ཐུབ།  གྲུབ་མཐའ་རིས་མེད་ཀྱི་འཆམ་མཐུན་འཕེལ་རྒྱས་དང་ཕན་ཚུན་སློབ་སྦྱོང་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་།   ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གསོ་ལ་དགེ་རྒན་བྱམས་པ་འཕྲིན་ལས་ཀྱིས་དེ་ལྟར་འགྲེལ་བརྗོད་བྱས།  

1503974359189156.jpg

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་ནི1987ལོའི་ཟླ9ཚེས1ཉིན་བཙུགས་པ་དང་།  པཎ་ཆེན་སྐུ་ཕྲེང་བཅུ་བ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུ་ཁྲུའུ་གཉིས་ཀྱིས་དགོངས་འཆར་བཏོན་ནས་བཙུགས་པ་རེད། ལོ་ངོ་སུམ་ཅུའི་རིང་དུ།  ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་བོད་བརྒྱུད་ནང་བསྟན་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བ་ལ་གྲུབ་འབྲས་གསར་བ་བཞག ནང་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་རྒྱུན་དང་བསྡོངས་ནས་འཕེལ་བ་རེད། 2017ལོའི་ཟླ5པར།  བསྡོམས་རྩིས་བྱས་པ་ལྟར་ན།  འདི་ནས་མི་སྟོང་ཕྲག་གཅིག་ཡས་མས་ཀྱི་བསྐྱེད་བསྲིང་བྱས་པ་དང་།  མཐོ་རིམ་ནང་བསྟན་སློབ་གླིང་གི་ཚབ་མཚོན་ལྟ་བུར་ཆགས་ཡོད།  དེའི་ཁྲོད་བླ་མ་སྤྲུལ་སྐུ381དང་རྡོ་རམས་པ(འབུམ་རམས་པ) 148དང་ཤེས་རམས་པ(རབ་འབྱམས་པ)150ཡོད་ལ།  བོད་བརྒྱུད་ནང་བསྟན་གྱི་བདེ་ཐང་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར།  མི་རིགས་མཐུན་སྒྲིལ།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་འཕེལ་རྒྱས་ལ་གྲུབ་འབྲས་བླ་ན་མཐོ་བ་བཞག་ཡོད། 

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

  

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།  

 འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

 འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

 འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

 འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

 འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

འབྲས་སྤུངས་དགོན་པའི་ཆོས་རྩོད་ཀྱི་ཡུལ་དངོས།

1503974360765258.jpg

མང་ཚོགས་ཀྱིས་ཆོས་རྩོད་ལ་ལྟ་བཞིན་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།