ལྷོ་ཁར་དངུལ་རྩའི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཐོག་མ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དངུལ་རྩའི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཐོག་མ་གྲ་ནང་རྫོང་དུ་བཙུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཞབས་ཞུའི་ས་ཚིགས་འདིར་སྲོལ་རྒྱུན་གྱི་ཞིང་སྐྱོར་དངུལ་ལེན་གྱི་ལས་སྒོ་གཉེར་བ་ཕུད་ད་དུང་མི་དམངས་ཤོག་སྒོར་རལ་པ་དང་སིལ་མ་བརྗེ་བ་དང་། དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས། འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཐོ་འགོད་བྱེད་པ་སོགས་ཀྱི་ལས་སྒོ་ཡང་གསར་སྣོན་བྱས་ཡོད། དངུལ་རྩའི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ནི་མི་དམངས་དངུལ་ཁང་གིས“དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས+དྲ་ཐོག་ཚོང་དོན+སྒུལ་བདེ་གཏོང་སྤྲོད”བཅས་ཀྱི་རྣམ་པ་དང་། ནུས་མང་གི་རྨང་གཞིའི་དངུལ་རྩའི་ཞབས་ཞུ་དང་སྦྲག་སྲིད་ཀྱི་དྲ་ཐོག་ཚོང་དོན་གྱི་དྲ་རྒྱའི་ལས་སྟེགས་ཟུང་འབྲེལ་བྱས་པ་བརྒྱུད། ཞིང་འབྲོག་པར་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་སྐྱེལ་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་སྐྱེལ་བའི་ཐབས་ལམ་མཁོ་འདོན་བྱེད་པ་དེ་ནི་ཞིང་པར་ཕན་པ་དང་སྟབས་བདེ་སྐྲུན་པའི་སྲིད་ཇུས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།