བྱ་ཐབས་སྣ་མང་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ།

res01_attpic_brief.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་རྒྱལ་ཁྲལ་ཅུས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་ཚོགས་འདུ་འཚོགས་ནས་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་གནས་ཚུལ་ཉན་པ་དང་ཆབས་ཅིག་ལོ་སྨད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་སྟེ། སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི《ཁྲལ་དོན་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིའི་ལག་བསྟར་བྱ་ཐབས》ལག་བསྟར་བྱ་རྒྱུ་དེ་གཙོ་རྐང་དུ་བྱེད་པ་དང་། དཔལ་འབྱོར་གསར་སྤེལ་ཁུལ་རྒྱལ་ཁྲལ་ཅུས་ཀྱི“མཐའ་འཁྱོངས་བྱེད་དགོས་པ་ལྔ་དང་ཤུགས་སྣོན་རྒྱག་དགོས་པ་ལྔ”ཡི་ཏང་འཛུགས་སྐྱོང་ལས་ཀའི་བསམ་ཕྱོགས་ཤུགས་རྒྱག་སར་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི“རང་འགུལ་དང་གཙོ་བོ”དང“གཤམ་དུ་རིམ་པ་གཉིས་ལ་དམ་འཛིན་དང་རིམ་པ་རེར་དམ་འཛིན་བྱེད་པའི”ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་གཉིས་ནན་པོར་བཟུང་སྟེ་ཁྲལ་བསྡུ་དེང་རབས་ཅན་གྱི་བྱ་གཞག་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་ཆེད་སྟོབས་དང་ལྡན་པའི་བསམ་བློ་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་སྟེ་ཏང་ཡོན་ལས་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱ་ཚུལ་ཁག་ལ་ཞིབ་བཤེར་དང“ཚད་ལོན་བཞིར”བསྡུར་བ་བྱས་མིན་དང་མིག་དཔེ་སྟོན་མིན་ལ་ཞིབ་བཤེར་བྱས་པ་དང་། ཏང་གི་རྗེས་སུ་འབྲངས་བ་དང“ལྷག་བསམ་རྣམ་དག་དང་དྭངས་གཙང་ངང་འགན་འཁུར་ཕོད་པར་བྱེད་པའི”ཚད་གཞིར་གཞིགས་མིན་ལ་ཞིབ་བཤེར་བྱས་ནས་དུས་རབས་གསར་པའི་ཁྲལ་དོན་ལས་བྱེད་པ་ཞིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ཉེ་ཆར། “སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་ལྷ་སར་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་མལ་གྲོ་གུང་དཀར་རྫོང་དུ་སྤེལ་བ་རེད། པེ་ཅིང་ནས་ཕེབས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་20ལྷག་ཙམ་གྱིས་རྫོང་དེར་ཉིན་གཉིས་རིང་སྨན་རྫས་ཞལ་འདེབས་དང་། འོས་འགན་སྨན་བཅོས། བདེ་ཐང་སྒྲོག་འགྲེལ་སོགས་ཀྱི་རིམ་སྤེལ་སྨན་བཅོས་ཞབས་ཞུ་བསྒྲུབས་ཤིང་། འདི་ནི་རིགས་གཅིག་མཁས་ཅན་གྱིས་མང་ཚོགས་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།