བོད་ལྗོངས་ལྷ་སའི་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཞོ་སྟོན་ལ་རྟེན་འབྲེལ་ཞུས།

136543206_15033087895971n.jpg

འདི་ནི་ཟླ8པའི་ཚེས21ཉིན་པར་དུ་བླངས་བའི་ལྷ་སའི་འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་པའི་མཛད་སྒོའི་ཡུལ་དངོས་རེད།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན་གྱི་ཞོགས་པར། བོད་ལྗོངས་ལྷ་ས་གྲོང་ཁྱེར་འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་པའི་མཛད་སྒོ་དངོས་སུ་འགོ་བརྩམས་ཤིང་། ལྷ་ས་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ལོ་རེའི་སྲོལ་རྒྱུན་དུས་ཆེན་སྟེ་ཞོ་སྟོན་བསུས།

ལྷ་སའི་ཞོ་སྟོན་ནི་དུས་རབས11པའི་དུས་དཀྱིལ་དུ་བྱུང་ཞིང་། ཞོ་སྟོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་དང་པོར་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོ་རུ་བཀོད་པ་ཡིན་ཏེ། ཞོ་སྟོན་དུས་ཆེན་ནི་ལོ་རེའི་བོད་ལུགས་ཀྱི་ཟླ6པའི་ཚེས30ཉིན་ནས་བཟུང་འགོ་བརྩམས་ཏེ་དུས་ཡུན་གཟའ་འཁོར་གཅིག་རིང་ལ་སྤེལ་བ་ཡིན།

136543206_15033087895991n.jpg

འདི་ནི་ཟླ8པའི་ཚེས21ཉིན་པར་དུ་བླངས་བའི་ལྷ་སའི་འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་པའི་མཛད་སྒོའི་ཡུལ་དངོས་རེད།

ད་ལོའི་ཞོ་སྟོན་ཟླ8པའི་ཚེས21ཉིན་ནས་ཟླ8པའི་ཚེས27ཉིན་བར་སྤེལ་རྒྱུ་ཡིན་ལ། རྒྱུས་ལོན་ལྟར་ན། གོས་སྐུ་བཤམས་པ་དང་། ཟློས་གར་འཁྲབ་སྟོན། རྟ་རྩལ་འཁྲབ་སྟོན་སོགས་སྲོལ་རྒྱུན་གྱི་བྱ་འགུལ་སྤེལ་བ་ལས་གཞན་ད་རུང་ཞོ་འཐུང་འགྲན་བསྡུར་དང་། ཝུ་ཆང་འཐུང་བའི་འགྲན་བསྡུར། ཨ་མ་ལགས་གཡོས་སྦྱོར་འགྲན་བསྡུར། བོད་ཀྱི་གྱོན་ཆས་འགྲེམ་སྟོན། གནམ་མཚོའི་རྒྱལ་སྤྱིའི་རྐང་བགྲོད་འགྲན་བསྡུར་སོགས་བྱ་འགུལ་རབ་དང་རིམ་པ་ཡོད། 

136543206_15033087896141n.jpg

འདི་ནི་ཟླ8པའི་ཚེས21ཉིན་གྱི་ཞོགས་པར་གྲྭ་བ་དང་མང་ཚོགས་རྣམས་ཀྱིས་གུས་སྐུ་བསུ་བཞིན་པའི་ཚུལ་རེད།

བསྡོམས་རྩིས་བྱས་པ་ལྟར་ན། 2017ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཁོ་ནས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི385.98སྣེ་ལེན་བྱས་ཤིང་། དུས་མཉམ་ལས18.21%འཕར་ཏེ་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར50.57མངོན་འགྱུར་བྱས་ཡོད།

136543206_15033087896491n.jpg

འདི་ནི་ཟླ8པའི་ཚེས21ཉིན་པར་དུ་བླངས་བའི་ལྷ་སའི་འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་པའི་མཛད་སྒོའི་ཡུལ་དངོས་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།