ཝུའུ་དབྱིང་ཅེས“བརྒྱད་གཅིག”གི་སྔ་ནུབ་ཏུ་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་ད་སྐུལ་དཔུང་སྡེ་བཅས་ལ་འཚམས་འདྲི་གནང་བ།

1.jpg

འདི་ནི་སྐམ་དམག་མཁའ་སྐྱོད་དམག་གི་དཔུང་སྡེ་ཞིག་ཏུ་ཝུའུ་དབྱིང་ཅེ་དང་བཅས་པས་དཔོན་དམག་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་དུས་ཆེན་གྱི་སྨོན་འདུན་དང་བླ་ན་མེད་པའི་གུས་འདུད་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “བརྒྱད་གཅིག”དམག་བཙུགས་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་ལྷ་སར་ཁག་བགོས་ནས“ལམ་བཞི་བརྒྱུད་ནས་བོད་དུ་སྐྱོད་མཁན”འཐབ་འཛིང་པ་རྒན་གྲས་དང་། དམག་མིའི་སྔོན་གཤེགས་དཔའ་བོའི་ནང་མི། དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་།མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དང་སྤྱི་བདེའི་ད་སྐུལ་དཔུང་སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ་རེད།

“བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས”ཞེས་ཝུའུ་དབྱིང་ཅེས་བགྲེས་སོང་ཆིང་ཀྲེང་ཞང་ལ་དཀར་གཙང་མཇལ་དར་བསྒྲོན་ནས་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ལོ་84ལ་སླེབས་པའི་བགྲེས་སོང་ཆིང་ཀྲེང་ཞང་ནི“ལམ་བཞི་བརྒྱུད་ནས་བོད་དུ་སྐྱོད་མཁན”འཐབ་འཛིང་པ་རྒན་གྲས་ཤིག་རེད། ཝུའུ་དབྱིང་ཅེས་ཁོང་གི་ཕྱག་ནས་འཇུས་ཏེ་བགྲེས་སོང་གི་གཟུགས་གཞི་དང་ཁྱིམ་ཚང་གི་འཚོ་བ་སོགས་ཀྱི་གནས་ཚུལ་ཐུགས་སྣང་གཤིན་པོའི་ངང་བཀའ་འདྲི་ཞུས་པ་རེད།

ཝུའུ་དབྱིང་ཅེས་སེམས་འགུལ་ཟབ་མོ་ཐེབས་པའི་ངང་ཁྱེད་ཚོས་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་དུས་སྐབས་རིང་དཀའ་སྡུག་ལ་མི་སྐྲག་པ་དང་། རང་སྲོག་བློས་གཏོང་ལ་མི་སྐྲག་པ། དཀའ་སྤྱད་འབད་བརྩོན། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”བཏོད་པ་དང་བོད་ལ་བཅིངས་འགྲོལ་གཏོང་བ་དང་བོད་ལྗོངས་འཛུགས་སྐྲུན་ལ་ལེགས་སྐྱེས་ཆེན་པོ་འབུལ་ཡོད་པས་ཁྱེད་ཚོ་ནི་བོད་དུ་བྱས་རྗེས་འཇོག་མཁན་དང་། ལོ་རྒྱུས་ཀྱི་དཔང་པོ་བྱེད་མཁན། ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་བཅས་རེད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རླབས་ཆེན་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ཁྱེད་ཚོས་སྐབས་དེར་རྨང་གཞི་བཟང་པོ་ཞིག་བཏིངས་པ་དང་ཁ་འབྲལ་ཐབས་མེད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྱེད་ཚོ་དང་ཁྱེད་ཚོའི་ནང་མིར་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་བཀུར་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་ཁྱེད་ཚོའི་གཟི་བརྗིད་སྲོལ་རྒྱུན་དང་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བཏང་ནས་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་ཀྱི་ཡིན། ཁྱེད་ཚོས་ནུས་པ་ལྷག་མ་འདོན་སྤེལ་བྱས་ཏེ་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ལས་ཉེ་འགྲམ་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས། ཝུའུ་དབྱིང་ཅེས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཞག་སྟེ་སེམས་ནུས་ཡོད་རྒུས་ཁོང་ཚོར་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱས་ནས་ཁོང་ཚོ་ཚེ་མཇུག་བདེ་རོལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

སྐམ་དམག་མཁའ་སྐྱོད་དམག་གི་དཔུང་སྡེ་ཞིག་དང་དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་རུ་འབྲིང་དང་པོར་ཝུའུ་དབྱིང་ཅེ་དང་བཅས་པས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་ད་སྐུལ་དཔུང་སྡེའི་དཔོན་དམག་བཅས་ཀྱི་འཐུས་མིར་སྔ་རྗེས་སུ་གཟིགས་པ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་བླ་ན་མེད་པའི་གུས་བཀུར་ཞུས་གནང་བ་རེད། ཝུའུ་དབྱིང་ཅེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གཉེན་ཉེ་བཅིངས་འགྲོལ་དམག་ངོ་ཤེས་རྗེས་ཀྲུང་གོ་གུང་ཁྲན་ཏང་ངོ་ཤེས་པ་རེད། བོད་སྡོད་དཔུང་སྡེས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་སེམས་ལ་འཇོག་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་རྒྱ་དང་མཛུབ་སྟོན་ལག་བསྟར་ནན་ཏན་བྱས་ནས་བོད་ཞི་བས་བཅིངས་འགྲོལ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ལ་འཐབ་འབྲས་གཟེངས་སུ་ཐོན་ཡོད། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་ད་སྐུལ་དཔུང་སྡེ་བཅས་ཀྱི་དཔོན་དམག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཞི་ཀྲུའུ་ཞིའི་བཀའ་རྒྱ་དང་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། དུས་སྐབས་གསར་པའི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་ལ་དམ་པོར་དམིགས་པ། དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་པ། མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ལྷག་དོན་དུ་བརྟན་ལྷིང་སྲུང་སྐྱོང་དང་ཉེན་སེལ་རྒུད་སྐྱོབ་སོགས་དཀའ་ཚེགས་ཆེ་བའི་ལས་འགན་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ཡོད་ལ། མི་དམངས་མང་ཚོགས་ཀྱི་དགོས་གལ་ཆེ་བའི་འགག་རྩའི་དུས་སྐབས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་ལངས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད་ཅེས་གསུངས།

ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ90འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་དང་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེན་དང་དམག་དཔུང་དར་རྒྱས་ཡོང་བའི་རླབས་ཆེན་འབོད་སྐུལ་གནང་ཡོད། བོད་སྡོད་དཔུང་སྡེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། རྒྱལ་སྲུང་དམག་དཔུང་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེན་ལམ་དུ་སྐྱོད་པ། ཏང་གི་བཀོད་པར་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་བྱས་ཏེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་སྲུང་སྲ་བརྟན་དུ་གཏོང་བ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པའི་ཁར“འདུ་ཤེས་བཞི”བརྟན་པོ་བཅངས་ཏེ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་དང་། རྦད་དེ་དྭངས་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་བྱས་ནས་དུས་གང་རུང་དང་གནས་ཚུལ་གང་རུང་འོག་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་བརྟན་དུ་དང་འཕེལ་རྒྱས་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཕྱོགས་སུ་ལངས་པ། དུས་རྟག་ཏུ་མི་དམངས་སེམས་ལ་འཇོག་པ། ནམ་ཡང་མི་དམངས་ཀྱི་བུ་ཕྲུག་དམག་བྱེད་དགོས་པ། རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ་བསམ་བློ་དམག་གྲབས་དམག་རྒྱག་ཐད་འཇོག་པ་དང་། དངོས་འཐབ་དང་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བསྐོངས་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་སྐྱོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྒྲིག་བཅས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་དང་བདག་དབང་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ད་ལོ་ལོ92ལ་སོན་པའི་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དངོས་གྲུབ་ཡོན་ཏན་དང་ད་ལོ་ལོ་76ལ་སོན་པའི་དམག་མི་སྔོན་གཤེགས་དཔའ་བོའི་ནང་མི་བསོད་ནམས་པད་མོར་གཟིགས་ནས་ཁོང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་བཀུར་ཡང་ཞུས་པ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་ལ་རྒན་རྒོན་ཚོར་དོ་ཁུར་དང་ལྟ་རྟོག་ཡག་པོ་བྱ་རྒྱུ་མ་ཟད། ཁོང་ཚོ་རྒས་དུས་འཚོ་རྟེན་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་པ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ད་དུང་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཁ་ཤས་ལ་གཟིགས་པ་དང་འབྲེལ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་དང་གུས་བཀུར་ཡང་ཞུས་པ་རེད། བོད་སྡོད་དཔུང་སྡེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་སེམས་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་དམག་མིའི་ལས་འགན་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཏེ“རྒྱང་སྐྱོད་ཀྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག་ནང་སྦྱོང་ལ་དམ་འཛིན་ནན་པོ་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་བཞུན་བརྡར་གྱིས་བོད་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་རང་འགུལ་ངང་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང་། ས་གནས་འཛུགས་སྐྲུན་ལ་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། དཔུང་སྡེའི་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་ཐུགས་རེ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།