བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་སྣ་དཀར་རྩེ་དང་བསམ་སྡིང་དགོན་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་།  པེ་ཅིང་སློབ་ཆེན་གྱི་སྨན་ཁང་གསུམ་པ་བཅས་ཀྱི་ཆེད་ལས་མཁས་དབང་ཚོགས་ཆུང་སྒྲིག་འཛུགས་བྱས་ནས།  སྣ་དཀར་རྩེ་གྲོང་རྡལ་སྣ་དཀར་རྩེ་གྲོང་ལྷན་དང་བསམ་སྡིང་དགོན་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ།  སྣ་དཀར་རྩེ་རྫོང་གི་གྲོང་མི400ལྷག་ཙམ་དང་བསམ་སྡིང་དགོན་པའི་བཙུན་མ20སྨན་བཅོས་ཞབས་ཞུ་བྱས་པ་དང་།  སྨན་རིན་མི་དགོས་པར་རིན་ཐང་སྒོར་ཆིག་ཁྲི་ལྷག་ཙམ་རི་བའི་སྨན་སྣ་ཚོགས་སྤྲད་པ་རེད།  །   

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།