མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཕྱིར། ཆ་འཕྲིན་གསེར་གྱི་ཟམ་པ་བཙུགས།

1500862072556764.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ། ཁྱོན་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། མང་ཚོགས་ཀྱི་དབུལ་སྒྲོལ་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་ཕྱིར། ཉེ་ཆར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཤང་དེའི་གློག་འཕྲིན་ལས་གཉེར་ཁང་གི་མཐུན་སྦྱོར་འོག་ཤང་སྲིད་གཞུང་དང་། གྲོང་ཚོའི་མཉམ་ལས་དཔལ་འབྱོར། གློག་འཕྲིན་ལས་གཉེར་ཁང་བཅས་ཕྱོགས་གསུམ་གྱི་མ་རྩ་སྒོར119800གྲབས་གསོག་བྱས་ཏེ། མང་ཚོགས་དབུལ་པོ་200ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་འཁོད་པའི་ལག་ཐོགས་ཁ་པར་སྤྲད་པ་རེད། དེ་ནི་མངའ་རིས་ས་ཁུལ་དུ་བོད་ཡིག་གི་ལག་ཐོགས་ཁ་པར་སྤྲད་ནས་མང་ཚོགས་དབུལ་པོར་སློབ་གསོ་དང་ཕྱུག་འགྱུར་གྱི་ཆ་འཕྲིན་ལས་སྟེགས་སྐྲུན་ཐེངས་དང་པོ་ཡིན་པ་མ་ཟད། འགྲོ་གྲོན་དམའ་བའི་གྲོན་དངུལ་ཐོག་ནས་གནད་སྨིན་དབུལ་སྐྱོར་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྤྱི་ཚོགས་ཡོངས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཞུགས་པའི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱས་པ་རེད། །

1500862072535367.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།