ཆབ་མདོས་བྱ་ཐབས་སྣ་ཚོགས་བཟུང་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དུས་མཚམས་གཉིས་པར་སླེབས་ཚུན།  ཆབ་མདོ་གྲོང་ཁྱེར་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་རང་འགུལ་ངང་ལས་དོན་སྤེལ་ནས་ཕུན་སུམ་ཚོགས་པའི་བྱེད་སྒོའི་གཞི་རྟེན་སྔོག་འདོན་ཐུབ་པ་བྱས་ཏེ།  མང་ཚོགས་སྣེ་ཁྲིད་ངང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱས་ནས་གཞི་རིམ་ཞིང་འབྲོག་མང་ཚོགས་ཚོས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཚ་རླབས་གསར་པ་ཞིག་འཕྱུར་བ་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་ཁྱིམ་དུ་འཚམ་འདྲིར་བསྐྱོད་ནས་སྒྲོག་འགྲེལ་བྱེད་ཡུལ་དང་ལོ་ཚད།  ཡོན་ཚད་བཅས་ལ་ཞིབ་བཤེར་བྱས་ཐོག་སྒྲོག་འགྲེལ་གྱི་དཔྱད་གཞི་ལེགས་འདེམས་བྱས་པས།  སྒྲོག་སྒྲེལ་བྱེད་སྒོ་སྔར་བས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་རེད།  ད་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཆེད་དོན་བཀོད་སྒྲིག་ཚོགས་འདུ་ཐེངས1250ལྷག་ཙམ་འཚོགས་པ་རེད།

སྤྱི་ཟླ6པའི་ཚེས20ཉིན་བར།  ཆབ་མདོ་གྲོང་ཁྱེར་གྱི་རྫོང ༼ཆུས༽11གིས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཚོགས་འདུ་ཕྱོགས་ཡོངས་ནས་འཚོགས་པ་དང་།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་ལ་བརྟེན་ནས།  ཏང་གི་རིགས་གཞུང་སྲིད་ཇུས་དང་བྱེད་སྒོའི་བརྗོད་དོན་གཙོ་བོའི་ནང་དོན་རྣམས་གོ་བདེ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས་པས་མང་ཚོགས་ཀྱིས་སྔར་བས་ཤེས་རྟོགས་ཐུབ་པ་མ་ཟད།  ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན།  གཞོན་ནུ་ལོ་ཆུང་སློབ་མ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་འཕེལ་ཐུབ་པ་བྱུང་བ་རེད།

ད་བར་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་བཙུགས་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བརྒྱད་ཀྱིས་གྲོང་ཁྱེར་དེའི་རྫོང༼ཆུས༽11དང་ཤང༼གྲོང་རྡལ༽ 68། སློབ་གྲྭ33། དགོན་སྡེ33བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད།  ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་དཔེ་སྟོན་སྒྲོག་འགྲེལ་བྱས་པ་དང་།  ཐོག་མཐའ་བར་གསུམ་དུ་དམིགས་ཚད་ཁ་གསལ་ཡོང་རྒྱུ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ།  གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས།  ཕྱོགས་ཡོངས་ནས་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཐུབ་པ་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  སྒྲོག་འགྲེལ་བྱེད་ཡུལ་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིར་སྔར་བས་ཤེས་རྟོགས་ཐུབ་པ་བྱས་པ་དཔེར་ན།  བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ར་ཞིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།  ཏང་གི་བཀའ་དྲིན་འཚོར་བའི་སློབ་གསོའི་བྱེད་སྒོ་དང་།  མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆགས་སྒོ་ཡིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སོགས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་ནང་མཉམ་འདྲེས་ཐུབ་པ་བྱས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།  ད་བར་གྲོང་ཁྱེར་རིག་རྩལ་ཚོགས་པ་གདན་ཞུས་བྱས་ནས་གྲོང་ཚོ་ཁག་ལ་གཙོ་དོན་རིག་རྩལ་འཁྲབ་སྟོན་ཐེངས་བརྒྱད་བྱས་པར་མང་ཚོགས་མི་ཐེངས་ལྔ་སྟོང་ལྷག་ཙམ་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།