བོད་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ད་ལོའི་སློབ་བསྡུའི་ཡིག་རྒྱུགས་སྤྱི་ཚེས20ཉིན་ནས་ཚེས22ཉིན་བར་ལེན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སྤྱི་ལོ2017ལོའི་སློབ་བསྡུའི་ཡིག་རྒྱུགས་སྤྱི་ཟླ6པའི་ཚེས20ཉིན་ནས་ཚེས22ཉིན་བར་ལེན་རྒྱུ་ཡིན་པ་དང་།  ལྗོངས་ཡོངས་སུ་ཁྱོན་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ 36716ཡོད་པ་དེ་ན་ནིང་ལས་སློབ་མ1255ཡིས་མང་ཡོད།  ད་ཐེངས་ཀྱི་ཡིག་རྒྱུགས་དེ་བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་དང་གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན།  ཁྲེན་ཏུ་བོད་ལྗོངས་སློབ་འབྲིང་བཅས་ཡིག་རྒྱུགས་ལེན་ཁུལ10དང་།  ཡིག་རྒྱུགས་ལེན་གནས89། རྒྱུགས་ར1282བཀོད་སྒྲིག་བྱས་པ་དང་ཡིག་རྒྱུགས་ལེན་གནས་བོད་ལྗོངས་ཀྱི་རྫོང་དང་ཆུས་ཚང་མར་ཁྱབ་ཡོད། 

ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་བོད་ལྗོངས་ཀྱི་འབྲིང་རྒྱུགས་གི་རྒྱུགས་ཤོག་བཟོ་བཅོས་ཀྱི་ལས་དོན་དེ་སྤྱི་ཟླ6པའི་ཚེས23ཉིན་ནས་འགོ་འཛུགས་རྒྱུ་དང་།  སྤྱི་ཟླ7པའི་ཚེས8ཉིན་གྱི་གཡས་གཡོན་དུ་འབྲིང་རྒྱུགས་གི་སྐར་གྲངས་ཡོངས་བསྒྲགས་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།