“གཉིས་གཏོད”སྔོན་ཐོན་དཔེ་མཚོན་གྱི་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི“གཉིས་གཏོད”སྔོན་ཐོན་དཔེ་མཚོན་གྱི་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་ཉིང་ཁྲིར་འཚོགས་པ་དང་གཉིས་བཀུར་ལམ་སྡེ་ཁུལ་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སུ་སྒྲོག་འགྲེལ་བྱ་ཡུལ་བཀོད་སྒྲིག་བྱས་ནས་རྒྱ་ཆེའི་སློབ་མ་དང་ཞིང་འབྲོག་མང་ཚོགས་ལ་མི་སེམས་འགུལ་བའི་གཏམ་བཤད་བྱས་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག “གཉིས་གཏོད”སྔོན་ཐོན་དཔེ་མཚོན6གིས་ཟོལ་མེད་ཀྱི་སྐད་ཆ་ལས་རང་ཉིད་ཀྱིས་ལས་གཏོད་བྱེད་རིང་དཀའ་ངལ་འཕྲད་པའི་བརྒྱུད་རིམ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་རྩ་ཆེན་དང་། ཕུགས་བསམ་བཅངས་ནས་དཀའ་སྤྱད་སྙིང་རུས་བྱེད་པའི་བར། ཕམ་ཉེས་བྱུང་བ་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་བར་བཅས་ཁོང་ཚོས་མི་སྒུག་པ་དང་མི་བརྟེན་པ་དང་། འཚོབ་ཞིབ་བྱེད་ཕོད་པ། འབད་བརྩོན་ལྷོད་མེད་བཅས་བྱས་ནས་མཐར་ད་ཆའི་གྲུབ་འབྲས་ཐོབ་ཚུལ་གསན་པ་པོ་དང་ལོངས་སྤྱོད་བྱས། སྔོན་ཐོན་དཔེ་མཚོན་ཚོའི་གཤིས་རྒྱུད་བཟང་པོ་དང་མི་ཚེའི་ཉམས་མྱོང་དེ་དག་ལས་ཚོགས་རར་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས་པ་དང་། སློབ་མ་དང་ཁྱིམ་བདག་ཚོར་ཡང་ངོས་འཛིན་གཅིག་མཐུན་བྱུང་སྟེ་རིམ་བཞིན་ཉན་མཁན་ཚོའི་ལས་ཞུགས་ལྟ་བ་དང་། ལས་གཏོད་ལྟ་བ། ལས་འདེམས་ལྟ་བ་བཅས་ལ་འགྱུར་ལྡོག་བྱུང་བ་རེད། དུས་མཚུངས་སྙན་ཞུའི་ཚོགས་འདུའི་ཐོག་རྒྱ་ཆེའི་སློབ་མར་ཚན་རིག་རིག་གནས་སློབ་སྦྱོང་ཡག་པོ་བྱས་ནས་གསར་གཏོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། “དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”སྲིད་ཇུས་བཟང་པོ་དམ་འཛིན་ཧུར་ཐག་བྱས་ཏེ་ཡངས་པའི་ས་གཞིའི་སྟེང་འཇོན་ཐང་ངོམས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་ཞེས་འབོད་སྐུལ་བྱས་པ་རེད།

ཐེངས་འདིའི་སྙན་ཞུའི་ཚོགས་འདུས་ཉིང་ཁྲི་གྲོང་ཁྱེར་གྱི་མང་ཚོགས“གཉིས་གཏོད”ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་ཆེད་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་པ་མ་ཟད། སློབ་མ་ཚོའི་ལས་གཏོད་ཀྱི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱས་པ་རེད། “ཁོང་ཚོའི་ལས་གཏོད་ཀྱི་ལོ་རྒྱུས་ཉན་རྗེས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། སློབ་གྲྭ་ཐོན་གྲབས་ཡོད་པའི་སློབ་མ་ཞིག་ཡིན་པའི་ངོས་ནས་ངའི་བསམ་པར་ང་ཚོས་འདུ་ཤེས་ལ་འགྱུར་བ་བཏང་ནས་གཞུང་ཞབས་པའི་ལམ་ཁོ་ནར་མི་བརྟེན་པར། རང་ཉིད་ལ་འཚམ་པའི་ལམ་བུ་ཞིག་ཧུར་ཐག་བཙལ་ཏེ་གོ་སྐབས་དམ་འཛིན་བྱས་ནས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་བསམ”ཞེས་ཞིང་འབྲོག་སློབ་གླིང་གི་སློབ་མ་དབྱང་ཅུན་གྱིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།