གཞིས་ཀ་རྩེ་གྲོང་ཁྱེར་གྱིས2017ལོའི་རྫོང(ཤང)གི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ལས་བྱེད་པ་ལ་གསོ་སྦྱོང་བྱེད་པའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས2017ལོའི་རྫོང(ཤང)གི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ལས་བྱེད་པ་ལ་གསོ་སྦྱོང་བྱེད་པའི་བྱ་འགུལ་སྤེལ།

རྒྱུས་ལོན་བྱས་པ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་རྫོང(ཤང)སོ་སོ་ནས་ཡོང་བའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ལས་བྱེད་པ་བསྡོམས་པས་མི90ལྷག་ཐེངས་དིའི་གསོ་སྦྱོང་ལ་ཞུགས། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་ཞིང་། གསོ་སྦྱོང་ལ་དམངས་འཐུས་ཚོགས་ཆེན་བྱ་བའི་རྩ་བའི་ཤེས་བྱ་དང་། ཤང་གྲོང་གི་དམངས་འཐུས་ཚོགས་ཆེན་གཞུང་སྒྲུབ་ཁང་གི་བྱ་བ་གཙོ་བོ་དང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འབྲེལ་ཡོད་ཤེས་བྱ་སོགས་ཀྱི་ནང་དོན་འདུས། གསོ་སྦྱོང་འགོ་ཚུགས་པའི་མཛད་སྒོ་སྟེང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལྟར་གཞི་རིམ་གྱི་དམངས་འཐུས་ཚོགས་ཆེན་བྱ་བ་སོ་སོ་ཇི་ལྟར་ལེགས་པོར་སྒྲུབ་དགོས་པའི་ཕྱོགས་ནས་འཆད་ཁྲིད་གནང་བ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།