ནག་ཆུས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་གཉིས་པའི་ལས་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།  ནག་ཆུ་ས་ཁུལ་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་གཉིས་པའི་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཅེས་པའི་སྒྲོག་འགྲེལ་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད། 

ནག་ཆུ་ས་ཁུལ་གྱིས་སྒྲོག་འགྲེལ་དུས་ཚོད་གཏན་འཁེལ་ཁ་གསལ་བཟོས་ཏེ་སྒྲོག་འགྲེལ་གྱི་མྱུར་ཚད་ཁོང་དུ་ཡག་པོ་ཆུད་པ་བྱས་ནས་མི་ཚང་མས་ཤེས་རྟོགས་ཐུབ་པ་བྱས་པ་དང་།  དོན་དངོས་དང་བསྟུན་ནས་ཕན་འབྲས་ཐོན་པ་དང་གསར་གཏོད་ཧུར་ཐག་བྱས་ནས་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་མང་ཚོགས་དང་འབྲེལ་འདྲིས་དང་།  མང་ཚོགས་ཀྱིས་ཉན་སྤྲོ་ལ་ལྟ་འདོད་པ།  གོ་བདེ་ཞིང་ཤེས་སླ་བ།  དང་ལེན་བྱེད་སླ་བ་བཅས་ཀྱི་རྣམ་པའི་ཐོག་ནས་ཞིང་འབྲོག་མང་ཚོགས་དང་གཞོན་ནུ་ལོ་ཆུང་སློབ་མ།  གྲྭ་བཙུན་བཅས་དབར་གྱི་བར་ཐག་ཉེ་རུ་བཏང་སྟེ་དངོས་འབྲེལ་སྒྲོག་འགྲེལ་ལས་དོན་གཏིང་ཟབ་དང་ཞིབ་ཕྲ།  ཏན་ཏིག་བཅས་སྤེལ་ནས་མང་ཚོགས་ཀྱི་སེམས་ལ་ཟུག་པ་དང་ཕན་འབྲས་ཐོན་པ་བྱེད་ཀྱི་ཡོད། 

མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཅེས་པའི་སྒྲོག་འགྲེལ་ནང་ནག་ཆུ་ས་ཁུལ་གྱིས་ཕྱོགས་གཅིག་ནས་སློབ་གསོ་ལག་ལེན་དམ་འཛིན་བྱས་ཏེ་དཔེ་མཚོན་སྔོགས་འདོན་བྱེད་པ་དང་།  ཕྱོགས་གཞན་ཞིག་ནས་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུ་དམ་འཛིན་བྱས་ནས་དུས་མཚམས་ཁག་གི་ཕྱོགས་བསྡོམས་ཡག་པོ་དང་ལས་དོན་ཁྲོད་ཀྱི་བྱ་ཐབས་ནུས་ལྡན་དང་ཉམས་མྱོང་བཟང་པོ་གསོག་འཇོག་རྒྱུན་འཁྱོངས་བྱས་ནས་ས་ཁུལ་དེ་ཡོངས་སུ་ཁྱབ་གདལ་གཏོང་བ་དང་།  བྱེད་སྒོའི་ནང་གི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ།  གོམས་གཤིས་བཟང་པོ་བཅས་ཡུལ་སྲོལ་དམངས་ཆིངས་དང་དགོན་སྲོལ་གྲྭ་ཆིངས།  སློབ་མའི་བསྲུང་བྱ་བཅས་ཀྱི་ནང་གཏན་འཇགས་ཐུབ་པ་བྱེད་པ་མ་ཟད་རྒྱ་ཆེའི་མང་ཚོགས་ཀྱི་བྱ་སྤྱོད་ཚད་གཞིར་འགྱུར་ཐོག་རིམ་བཞིན་གོམས་གཤིས་ལ་འགྱུར་བ་བྱེད་ཀྱི་ཡོད། 

དེ་དང་དུས་མཚུངས་ནག་ཆུ་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ལས་ཀའི་སྤྱི་ཡོངས་ནང་འཇུག་པ་དང་།  ཏང་ཨུད་དང་ཏང་རྩ་འཛུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་བྱེད་ཡུལ་གཙོ་བོ་ཞིག་ལ་རྩིས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་ཁག་ལ་སྐུལ་སྤེལ་དུས་ཐོག་ཏུ་གཏོང་མི་ཐུབ་པ་དང་བཀོད་སྒྲིག་ཆ་ཚང་པོ་མེད་པ།  དོན་འཁྱོལ་བྱེད་ཤུགས་མ་འདང་བ་བཅས་ཀྱི་རྫོང་དང་ཤང་།  ལས་ཁུངས་བཅས་བརྡ་ཁྱབ་གཏོང་དགོས་རིགས་བརྡ་ཁྱབ་གཏོང་བ་དང་གསབ་ཁྲིད་བྱེད་དགོས་རིགས་ལ་གསབ་ཁྲིད་བྱེད་པ་མ་ཟད་འགན་འཁྲི་བདའ་འདེད་ནན་པོ་དང་ཆད་པ་ནན་པོ་གཅོད་བཞིན་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།