བོད་ལྗོངས་ཀྱི་ས་ཁུལ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིར”ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད། བོད་ལྗོངས་ཀྱི་ས་ཁུལ་ཁག་གིས་ལག་ལེན་འཚོལ་ཞིབ་མཐའ་འཁྱོངས་དང་། བྱ་ཐབས་གསར་གཏོད་ལ་སྣང་ཆེན། དྲིལ་བསྒྲགས་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། སྒྲོག་འགྲེལ་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། སྒྲོག་འགྲེལ་ནང་དོན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དྲིལ་བསྒྲགས་ཀྱི་དམིགས་བསལ་རང་བཞིན་དང་། དངོས་ཕན་རང་བཞིན། ཡིད་དབང་འགུག་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བྱ་སྤྱོད་མྱུར་དུ་སྤེལ་བ་དང་བྱ་ཐབས་ནུས་ལྡན་བཏོན་ནས་བཀོད་སྒྲིག་བྱས་ཤིང་། ཞིང་དུད་ཁག་ཏུ་བསྐྱོད་དེ་འདྲི་རྟོགས་བྱས་པ་དང་། སྒྲོག་འགྲེལ་བྱ་ཡུལ་གྱི་ལོ་གྲངས་དང་སློབ་རྒྱུས་ལ་བརྟག་ཞིབ་བྱས་པ། སྒྲོག་འགྲེལ་དཔྱད་གཞིའི་རྒྱུ་ཆ་ཞིབ་ཚགས་བདམས་པ་བཅས་བྱས་ཏེ་སྒྲོག་འགྲེལ་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ཡོད། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི་དོན་དངོས་དང་མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་བརྒྱུད་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སློབ་སྦྱོང་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བ་བྱས་པ་རེད།

མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི“འདུ་ཤེས་བཞི”དང“མོས་སེམས་ལྔ”ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱས་ཤིང་། མིག་སྔ་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྐུལ་སློང་ཚོགས་ཆེན141འཚོགས་པ་དང་། གཅིག་སྡུད་སྒྲོག་འགྲེལ་ཐེངས་423བྱས་པ། དུད་ཚང་དུ་དྲིལ་བསྒྲགས་ཐེངས725བྱས་ནས་སློབ་གསོ་ཐེབས་པའི་ཞིང་འབྲོག་པ་མི་ཐེངས་ཁྲི4.5ལྷག་ཙམ་ཟིན་པ་དང་བསམ་བློའི་སློབ་གསོ་ཐེབས་ཚད95%ཡན་ཟིན་ཡོད་པ་ རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་རྔ་ཆེན་གྲོང་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་རིག་རྩལ་སྐོང་འཁྲབ་བྱས་ཏེ་རྔ་ཆེན་གྲོང་ཚོའི་གཟུགས་བརྙན་གསར་པ་དང་། རྣམ་པ་གསར་པ། གྲུབ་འབྲས་གསར་པ་བཅས་ཁྱོན་ཡོངས་ནས་མངོན་པར་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པས་ས་གནས་ས་ཐོག་ཏུ་མང་ཚོགས་ལ་ཞབས་བྲོ《ཨར་ཀ་གཅོག་པ》དང་། ཁེར་གཞས《སྟག་མ་མེ་ཏོག》 ལུས་རྩལ་ཞབས་བྲོ《ལན་ཆིའུ་སྤོ་ལོའི་མཛེས་མ》སོགས་ལྷག་བསམ་ཟོལ་མེད་དང་། འཁྲུག་ཆ་དོད་པ། མི་སེམས་འགུལ་བ་བཅས་ཀྱི་རྣམ་པའི་འཁྲབ་སྟོན་ཞིག་བྱས་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་བ་རེད།

ནག་ཆུ་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་དེ་བས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ས་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པ་དང་ས་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་མི་སྣ་གདན་དྲངས་ཏེ་གཅིག་སྡུད་སྒྲོག་འགྲེལ་བྱས་པ་དང་། གཅིག་སྡུད་སློབ་སྦྱོང་ཚོགས་འདུ་དང་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ། ཆེད་དོན་འཆད་ཁྲིད་དང་སྒྲོག་འགྲེལ་ཐེངས20ལྷག་ཙམ་སྤེལ་བ་བཅས་བྱས་ནས་ཕན་པ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི1.2ལྷག་ཙམ་ཟིན་པ་མ་ཟད། རྒན་རབས་ལས་བྱེད་མང་ཚོགས་དམིགས་སུ་གདན་དྲངས་ནས་བོད་གསར་རྙིང་གི་སྤྱི་ཚོགས་འཕོ་འགྱུར་བརྗོད་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།