​ལྷ་ས་གྲོང་ཁྱེར་གྱིས་རྣམ་པ་སྣ་ཚོགས་ཐོག་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ།

W020170604405536731130.jpg

ལོ་རྒྱུས་མངོན་པའི་འགྲེམས་སྟོན་ཐོག་ནས་ནི། བོད་ལྗོངས་གསར་རྙིང་ཁྱད་པར་ལྷག་ཏུ་མངོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་འབྲི་གུང་མཐིལ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁྲོད།  བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་བྱེད་པ་བརྒྱུད་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རང་འགུལ་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་བ།  དེ་བཞིན་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་བཅས་ཀྱི་འདུ་ཤེས་མཐོ་རུ་གཏོང་ཐུབ་ཡོད་པ་རེད།

W020170604405606237947.jpg

རིན་མེད་སྨན་བཅོས་ཞབས་ཞུ་བཟང་པོ་བརྒྱུད། མང་ཚོགས་སེམས་ནང་བཀའ་དྲིན་རབ་ཏུ་འཚོར།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་ལག་ལེན་བྱེད་སྒོ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ།  གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་ཡོད་པ་བཞིའི་གཅིག་བསྡུས་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སོགས་སྤེལ་ཚུན།  སྲིད་ཇུས་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན།  སྨན་བཅོས་ཞབས་འདེགས་ཞུ་བ་སོགས་ཀྱི་དྲིལ་བསྒྲགས་ཞབས་ཞུ་བརྒྱུད་རྒྱ་ཆེའི་མང་ཚོགས་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་སྒྲོག་འགྲེལ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།