ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས30ཉིན་གྱི་སྔ་དྲོ། ལྗོངས་བྱིས་པའི་ཕན་བདེ་ཁང་གིས་དྲུག་གཅིག་དགའ་གཏོང་གི་བྱེད་སྒོ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་བྱེད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
རྡོ་རྗེ་ཚེ་གྲུབ་ནས། ཕན་བདེ་ཁང་གི་ཕྲུ་གུ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས་ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་སློབ་སྦྱོང་ཡག་པོ་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ཏེ་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་རྒྱུའི་ཐུགས་རེ་གནང་བ་དང་སྦྲགས། ཕན་བདེ་ཁང་གི་དགེ་རྒན་དང་ལས་བཟོ་པས་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་དང་གསོ་སྐྱོང་ཡག་པོ། ཁྲིད་སྟོན་ཡག་པོ་བཅས་བྱེད་དགོས་པ་དང་། ལྷག་པར་དུ་འཐབ་ཕྱོགས་དང་པོར་ཡོད་པའི་བྱིས་པ་བདག་སྐྱོང་པས་ཡང་དག་པའི་གཏམ་སྤྱོད་ཐོག་ནས་ཕྲུ་གུ་ཚོར་ཁྲིད་སྟོན་བྱས་ཏེ། ཕན་བདེ་ཁང་གི་ཕྲུ་གུ་ཚང་མར་ཉེ་དགའ་ཕྱོགས་ཞེན་མེད་པར་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གིས་དྲུག་གཅིག་དགའ་གཏོང་གི་བྱེད་སྒོ་སྤེལ་བ།