བོད་ལྗོངས་སུ་ཁུལ་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པ་ཐོག་མ་དེ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འཕྲོད་བསྟེན་འཆར་ལྡན་བུ་བཙའི་བྱ་གཞག་ཕྱོགས་ཡོངས་ནས་སྐྱོན་བྲལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་མཉམ་འབྲེལ་གཏིང་ཟབ་ལ་སྐུལ་འདེད་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ།  ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད།  ཉེ་དུས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་རང་ལྗོངས་ཀྱི་ཁུལ་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པ་ཐོག་མ་དེ་བཙུགས་པ་རེད། 

བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་དང་ཀྲུང་གོ་དང་འཇའ་ཕན་མཛའ་མཐུན་སྨན་ཁང༌།  པེ་ཅིང་སྨན་ཁང་བཅས་ཀྱིས་ཆེད་ལས་ཚན་ཁག་གི་སྨན་བཅོས་མཉམ་འབྲེལ་ཚོགས་པ་གཏོད་དེ་ལྷ་ས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དང་ནག་ཆུ་ས་ཁུལ་ལྷ་རི་རྫོང་མི་དམངས་སྨན་ཁང༌།  ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྨན་ཁང༌།  ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ནོར་འདུས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས།  ནག་ཆུ་ས་ཁུལ་གཉན་རོང་རྫོང་བེ་གཞུང་ཤང་འཕྲོད་བསྟེན་ཁང་དང་སེར་ཆེན་ཤང་འཕྲོད་བསྟེན་ཁང་སོགས་སུ་ཁུལ་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པ་གཏོད་ཡོད། 
      ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པ་གཏོད་དེ་ཁུལ་ཁོངས་ནང་གི་ཐོན་ཁུངས་བཀོད་སྒྲིག་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ།  རིམ་དབྱེའི་སྨན་བཅོས་ལམ་ལུགས་རྒྱུན་ཆད་མེད་པར་ལེགས་བཅོས་བྱ་རྒྱུ་བཅས་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།