བོད་ལྗོངས་ཀྱིས་ད་ལོའི་ལྗོངས་ཡོངས་ཀྱི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་བདེ་བླག་ཡོང་རྒྱུར་དོ་ཁུར་ཆེན་པོ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་ལྗོངས་ཡོངས་ཀྱི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་བདེ་བླག་ཡོང་བ་བྱེད་རྒྱུའི་བརྙན་ལམ་ཚོགས་འདུ་ཉེ་དུས་ལྷ་སར་འཚོགས་ནས།  སྤྱི་ལོ2017ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས།  ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་ཆུང་ནས་སློབ་འབྲིང་ལ་འཕར་རྒྱུའི་ཡིག་རྒྱུགས་བཅས་གཏོང་གྲབས་ཡོད་པ་དེ་ནི།  སྤྱི་ཚོགས་ཀྱི་འདྲ་མཉམ་གཞུང་དྲང་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་འབྲེལ་བ་ཡོད་ཅིང་།  མི་དམངས་མང་ཚོགས་ཀྱིས་དོ་འཁུར་ཆེན་པོ་བྱེད་པའི་སྤྱི་ཚོགས་ཀྱི་གླེང་ཆ་ཆེ་ས་དང་དོ་འཁུར་བྱེད་གནས་ཞིག་ཡིན་པར་བརྟེན།  ཡིག་རྒྱུགས་བདེ་བླག་ཡོང་བ་བྱེད་རྒྱུ་ནི་སློབ་བསྡུའི་ཡིག་རྒྱུགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཞིག་རེད་ལ།  འདྲ་མཉམ་འགྲན་རྩོད་ཀྱི་གལ་ཆེའི་རྨང་གཞི་ཞིག་ཀྱང་ཡིན་པ་ནན་བཤད་བྱས་ཡོད་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།