ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་དམིགས་ཏེ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ནོར་སྲིད་ཡོང་འབབ་མང་དུ་བཏང་སྟེ་དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱས་ནས་ཀུན་སྤྱོད་ལེགས་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་ཡོད།

“བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་ཆེད། ང་ཚོས་ཐོག་མཐའ་བར་གསུམ་དུ་དགེ་རྒན་ལས་རིགས་ཀྱི་ཀུན་སྤྱོད་ཚད་ལྡན་སློབ་གསོ་དང་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བརྩིས་ནས་སློབ་སྤྱི་དང་དགེ་རྒན་གསོ་སྦྱོང་དང་ཟབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དགེ་རྒན་ཚོར་རིམ་པ་དང་རིགས་དབྱེའི་གསོ་སྦྱོང་བྱ་རྒྱུའི་ནང་དགེ་རྒན་གསར་པའི་ལས་གནས་གསོ་སྦྱོང་དང་། དགེ་རྒན་ཡོངས་ཀྱི་གསོ་སྦྱོང་། རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་། འཛིན་གྲྭའི་ཀྲུའུ་རེན་གྱི་གསོ་སྦྱོང་། དགེ་རྒན་གྱི་རྒྱང་ཁྲིད་གསོ་སྦྱོང་བཅས་ཚུད་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཏུང་ཨན་ཞུའེ་ཡིས་བཤད།

སྤུས་ཚད་མཐོ་བའི་རྐང་འཛིན་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་མང་རིང་སློབ་སྤྱི10དང་། འཛིན་གྲྭའི་ཀྲུའུ་རེན10དགེ་རྒན10བཅས་བདམས་ནས་རྐང་འཛིན་དགེ་རྒན་གྱི་འབད་འབུངས་ཡར་བརྩོན་དང་སྔོན་ཐོན་བརྩོན་ལེན་ལ་སྔར་བས་སྐུལ་ལྕག་བྱས་པར་བརྟེན་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པའི་སེམས་ནུས་སློབ་གསོའི་བྱ་གཞག་ཐོག་འཇོག་ཐུབ་པ་བྱུང་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།