ལྷོ་ཁ་ས་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་གསོན་ཤུགས་ནུས་ལྡན་འཕེལ་ཐབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་གཞི་རིམ་རྩ་འཛུགས་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་དང་། མིག་དཔེའི་སྐུལ་ཁྲིད། དཔུང་ཁག་ལེགས་གཏོང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེར་གཏོང་བཅས་བྱ་རྒྱུར་མཐོང་ཆེན་བྱས་པས་གཞི་རིམ་ཏང་འཛུགས་སྐྱོང་གི་གསོན་ཤུགས་ནུས་ལྡན་འཕེལ་ཐབས་བྱས་པ་རེད།

“སྤྱིའི་གློག་སྒོ”དམ་དུ་བཏང་ནས་རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་བཅས་སློབ་སྦྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ལས་འགན་གཙོ་བོར་བྱེད་པ་དང་མི་འདང་བའི་ཆ་རྣམས་གསབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”ཟབ་ཏུ་བཏང་བ་རེད། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བསམ་བློར་དྲག་ཆས་སྤྲོད་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མི་རིགས་ཀྱི་སྐད་དང་། མི་རིགས་ཀྱི་གླུ་གར། རླུང་འཕྲིན། སྐད་འཕྲིན་ལས་སྟེགས། ཡར་ཀླུང་འཆད་སྟེགས་སོགས་ཀྱི་རྣམ་པ་སྤྱད་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་རིམ་བཞིན་ཁྱབ་གདལ་བཏང་བ་རེད།

“རླུང་ཕྱོགས་སྟོན་རྟགས”ཡག་པོ་བཙུགས་ཏེ་མིག་དཔེའི་སྐུལ་ཁྲིད་འབུར་དུ་ཐོན་པ་བྱས་ཤིང་། གདོང་ལེན་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ་བྱས་པ་དང་མིག་དཔེའི་སྣེ་ཁྲིད་ནུས་པ་དེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཁྲོད་འཁྱོལ་བ་བྱས་ཏེ“གངས་ལྗོངས་ཀྱི་ཚད་ཤིང”དང་། ཀྲུང་གོའི་མི་བཟང་པོ། ལྷོ་ཁའི་མི་བཟང་པོ་སོགས་མང་ཚོགས་ཉེ་འགྲམ་གྱི་གདོང་ལེན་དཔེ་མཚོན་བརྒྱུད་ཏང་ཡོན་ལ་མི་ཚེའི་ལྟ་བ་དང་། རིན་ཐང་ལྟ་བ། འཇིག་རྟེན་ལྟ་བ་བཅས་ཡང་དག་འཛུགས་རྒྱུར་སློབ་གསོ་སྣེ་ཁྲིད་བྱས་པས་གྲོང་ཁྱེར་དེ་ཡོངས་ཀྱི་གོང་འོག་ཚང་མར་ཏང་ཡོན་དང་མང་ཚོགས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

“སྤགས”ཡག་པོ་གཡོས་ནས་དཔུང་ཁག་གི་གྲུབ་ཆ་ལེགས་སུ་བཏང་ཞིང་། “དཔོན་རིགས་ནན་པོས་སྐྱོང་བའི”གཙོ་གནད་དེ་དང་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”དེར་དམ་འཛིན་ནན་པོ་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་རིམ་པ་བཞིན་དམ་འཛིན་བྱས་པ་དང་རིམ་པ་བཞིན་གཞི་རིམ་རྨང་གཞི་བརྟན་དུ་བཏང་ཡོད། མི་སྤྱོད་ཀྱི་སྟོན་ཕྱོགས་ཡག་པོ་བཙུགས་ནས་ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་སྣང་ཆེན། དངོས་ཡོད་གྲུབ་འབྲས་ལ་སྣང་ཆེན། གཞི་རིམ་ལ་སྣང་ཆེན། ཀུན་གྱིས་ཁས་ལེན་བྱ་རྒྱུར་སྣང་ཆེན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་བྱ་རྒྱུར་མཐོང་ཆེན་བྱས་ཡོད། ཏང་ཡོན་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བསམ་བློ་ལེགས་པ་དང་། སྤྱོད་ཚུལ་བཟང་བ། ཆབ་སྲིད་གཟུགས་བརྙན་ལེགས་པ། ལས་ཀ་བྱེད་ཕོད་པ། ལས་ཀ་སྒྲུབ་ཐུབ་པ། སྤྱི་ཡོངས་ལ་བསམ་བློ་གཏོང་ཐུབ་པ། ལས་དོན་ཆུང་ཙག་ནས་སྤེལ་བ་བཅས་དང་ལྷག་པར་དུ་མང་ཚོགས་ཆེད་བྱ་བ་སྒྲུབ་པ་དང་། ཕ་ཡུལ་དང་། མང་ཚོགས། མི་རིགས་རིག་གནས། གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་བཅས་ཐད་སྤྲོ་སེམས་ཆེ་བའི་བློ་མཐུན་ཏང་གི་དཔུང་ཁག་ནང་བཅུག་ཡོད། ལས་བྱེད་པ“གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི”མི་སྤྱོད་ལམ་སྲོལ་འཛུགས་པ་དང་སྐུལ་འདེད་བཏང་བས་འཇོན་ཐང་ཅན་གོ་གནས་སྤོར་བ་དང་། འཇོན་ཐང་མེད་པ་གོ་གནས་གཅོག་པ། ཞན་གྲས་ཕྱིར་འབུད་བཅས་ཀྱི་མི་སྤྱོད་རྣམ་པ་ཞིག་ཆགས་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ལས་གཏོད་ཀྱི་ཆོད་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

“གློག་ཆེན”བཙུགས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། འགན་འཁྲིའི་ཡི་གེ་འཇོག་པའི་བྱ་ཐབས་གསར་གཏོད་བྱས་པ་དང“འགན་འཁྲི་གཉིས”གཞུང་ལས་ཁང་འཛུགས་པ་དང་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྔོན་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བའི་འགན་འཁྲི་རྩད་གཅོད་ལས་དོན་སྤེལ་བ་རེད། “ཡུན་རིང་གི་དམག་འཐབ”ཡག་པོ་རྒྱག་རྒྱུ་མཐའ་འཁྱོངས་བྱས་པ་དང“རྒྱུན་ལྡན”དང“ཡུན་རིང”ལ་དམ་པོར་དམིགས་ཏེ་ལས་དོན་ཆུང་ཙག་ནས་དམ་འཛིན་དང་ཞིབ་ཕྲའི་གནད་དོན་ནས་སྒྱུར་བཅོས་བྱས་པས་རྟག་ཏུ་དམ་འཛིན་དང་ཡུན་རིང་དམ་འཛིན་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།