བོད་ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་སྤྱི་དང་དགེ་རྒན་དཔུང་ཁག་གསོ་སྐྱོང་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  དུས་ཡུན་ཉིན་གསུམ་གྱི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གྲགས་ཅན་སློབ་སྤྱི་དང་གྲགས་ཅན་དགེ་རྒན་གྱི་གླེང་སྟེགས་སྐབས་དང་པོ་འགོ་བཙུགས་ནས།  རྒྱུད་འཛིན་དང༌འགྱུར་ལྡོག  གསར་གཏོད་བཅས་བརྗོད་དོན་གཙོ་བོར་དམིགས་ཏེ་བོད་ལྗོངས་ཀྱི་གྲགས་ཅན་སློབ་སྤྱི་དང་གྲགས་ཅན་དགེ་རྒན་གྱི་ལོ་མང་རིང་གི་སྔོན་ཐོན་སློབ་གཉེར་བསམ་གཞི་མཉམ་སྤྱོད་བྱས་ནས།  བོད་ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་སྤྱི་དང་དགེ་རྒན་གྱི་འཕེལ་རྒྱས་སྟེགས་བུ་གཏོད་དེ།  ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་སྤྱི་དང་དགེ་རྒན་དཔུང་ཁག་གསོ་སྐྱོང་ཐད་སྔར་བས་ཤུགས་སྣོན་བརྒྱབ་སྟེ།  བོད་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་བསྒྱུར་བཅོས་གོང་འཕེལ་ཆེད་དུ་ཤེས་ལྡན་པའི་འགན་ལེན་ནུས་ལྡན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།