ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་བོད་ལྗོངས་གསོ་རིག་སློབ་གླིང་ཁོངས་གཏོགས་ཀྱི་སྨན་ཁང་གཉིས་པར་གྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་གསོ་རིག་སློབ་གླིང་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ལྷོ་ཁར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ།  ཕྱོགས་གཉིས་པོའི་ཤེས་ལྡན་པ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག  སྤྱི་ཚོགས་ཞབས་ཞུ།  རིག་གནས་རྒྱུད་འཛིན་བཅས་ཁྱབ་ཁོངས་ཆེ་བ་བཞིའི་ནང་ཕྱོགས་ཡོངས་ནས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།  ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དེ་ཉིད་བོད་ལྗོངས་གསོ་རིག་སློབ་གླིང་ཁོངས་གཏོགས་ལྷོ་ཁ་སྨན་ཁང་ཞེས་སུ་མིང་བསྒྱུར་ནས།  བོད་ལྗོངས་གསོ་རིག་སློབ་གླིང་གི་ཐད་གཏོགས་མ་ལག་ཚན་པའི་ཁོངས་གཏོགས་ཀྱི་སྨན་ཁང་གཉིས་པར་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།