ཝུའུ་དབྱིང་ཅེས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་རྟོག་ཞིབ་གནང་བ།

༡.jpg

འདི་ནི་ཤན་རྩ་རྫོང་འཁྱག་ཤང་གྲོང་ཚོ་བཞི་པར་ཝུའུ་དབྱིང་ཅེས་ཏང་ཡོན་རྒན་གྲས་པད་མ་དོན་ལྡན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་གནང་བའི་གནས་ཚུལ་ཡིན་པ།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ནག་ཆུ་ས་ཁུལ་གྱི་དཔལ་མགོན་རྫོང་དང་། ཤན་རྩ་རྫོང་། གཞིས་རྩེ་གྲོང་ཁྱེར་གྱི་རྣམ་གླིང་རྫོང་བཅས་ལ་ཕེབས་ནས་རྟོག་ཞིབ་གནང་རིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་རྩ་བ་རྒྱུན་མི་ཆད་པར་བརྟན་དུ་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

རྟོག་ཞིབ་གནང་རིང་། ཁོང་གིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ་མཐའ་སྐྱོང་བོད་བརྟན་གྱི་ཕུགས་འཕེར་ཇུས་གཞི་དང་རྩ་བ་བརྟན་ཚུགས་ཀྱི་བྱ་སྤྱོད་དུ་དངོས་གནས་བརྩིས་ནས་དམ་འཛིན་ནན་པོ་དང་། ཡག་པོ། དངོས་འབྲེལ་བཅས་བྱེད་དགོས། གཅིག་ནས་ལས་དོན་མཐའ་དག་ཀྲི་པུར་སླེབས་པའི་ཁྲིད་སྟོན་གསལ་པོ་བརྟན་པོ་བཙུགས་ནས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་དོ་དམ་ནན་པོ་བྱེད་པའི་བྱེད་པོའི་འགན་འཁྲི་དངོས་འབྲེལ་གཙང་སྒྲུབ་བྱེད་པར་ཤུགས་ཏན་ཏིག་རྒྱག་པ་དང་། ཏང་ཀྲི་པུའི་འཐབ་འཛིང་མཁར་རྫོང་གི་ནུས་པ་དངོས་འབྲེལ་འདོན་པ། ཏང་ཡོན་གྱི་བྱེད་པོའི་གནས་བབ་སྔར་བས་མངོན་པ་བཅས་བྱེད་དགོས། གཉིས་ནས་སེམས་ཐག་གཙང་བཅད་ཀྱིས་མ་དངུལ་མང་བའི་རྣམ་གྲངས་རྫོང་དང་ཤང་གི་གཞི་རིམ་ལ་ཕྱོགས་ནས་གཞི་རིམ་གྱི་སློབ་གསོ་དང་སྨན་བཅོས་སོགས་ཀྱི་དམངས་འཚོའི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་ལ་སྐུལ་མ་གཏོང་དགོས། གསུམ་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་སྡོད་དགོན་སྡོད་ཀྱི་ལས་བྱེད་པ་སོགས་ཀྱི་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་འགན་འཁྲིའི་ངེས་གནས་གསལ་པོ་དང་ལས་འགན་ཁག་བགོས་ལུགས་མཐུན་བྱས་ཏེ་མི་ཚང་མར་ལས་ཀ་ཡོད་པ་དང་ལས་ཀ་ཚང་མ་བྱེད་མཁན་ཡོད་པ་བྱེད་དགོས། བཞི་ནས་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ནས་གཞི་རིམ་དུ་གཞི་ཚུགས་ས་དང་གཞི་རིམ་དུ་བློ་བདེ་པོའི་ངང་ལས་ཀ་སྒྲུབ་ཐུབ་པ་བྱེད་དགོས། ལྔ་ནས་དངོས་སྒྲུབ་གོ་ཆོད་ཀྱི་རྩ་དོན་ལྟར་ལམ་ལུགས་ཁག་འཐུས་ཚང་བཟོ་བ་དང་གཞི་རིམ་གྱི་ལས་དོན་ཚད་ལྡན་དང་། རྒྱུན་རྣམ། ལམ་ལུགས་བཅས་སུ་འགྱུར་བར་སྔར་བས་སྐུལ་མ་གཏོང་དགོས། དྲུག་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། སྲོལ་ངན་སྒྱུར་བ། དབུལ་སྒྲོལ་འགག་སྒྲོལ། མང་ཚོགས་ལ་ཕྱུག་འགྱུར་སྣེ་ཁྲིད་སོགས་བྱེད་མཁན་ཉེ་འཁོར་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མང་ཚོགས་ལ་སློབ་སྦྱོང་བྱེད་པའི་ཚད་ཤིང་དང་མིག་དཔེ་ཡོད་པར་བྱེད་དགོས། བདུན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་སྒྲིག་ལམ་ལ་སྣང་ཆེན་དང་སྒྲིག་ཁྲིམས་སྲུང་བར་སློབ་གསོ་རྒྱག་པ་དང་། ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་ནན་བཤད་ཀྱང་གནང་བ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།