ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་སོགས་དབུལ་སྐྱོར་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་དང་དབུལ་སྐྱོར་ལས་དོན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རྣམ་གྲངས་འཛུགས་སྐྲུན་དང་དབུལ་སྐྱོར་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས།  མང་ཚོགས་དབུལ་གྲོལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།  ལོ་གཅིག་རིང་ཆུ་བེད་རྣམ་གྲངས་ཁག་འཛུགས་སྐྲུན་བྱས་པ་དེས་མང་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར1.1ཙམ་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཆབས་ཅིག  སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་མང་ཚོགས2910སྐྱེ་ཁམས་དོ་དམ་པའི་ལས་གནས་སུ་བཀོད་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་གསར་འཛུགས་དང་འཕྲོ་སྐྱོང་གི་ཆུ་བེད་རྣམ་གྲངས51ཡོད་པ་དང་གཙོ་གནད་ཆུ་བེད་རྣམ་གྲངས་ཡིན་པའི་ཡར་ཀླུང་ཆུ་མཛོད་ལ་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར2.2བཏང་ཞིང་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར4.16བཏང་བ་དང་།  གཙང་བྱང་ཆུ་འདྲེན་ཁུལ་ལ་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར2.2བཏང་ཞིང་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར8.5བཏང་བ་དང་ཆབས་ཅིག  ལྷོ་ཁ་གྲོང་ཁྱེར་ཆུ་བེད་བསྒྱུར་བཅོས་གོང་འཕེལ་ཐད་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུ་ལེགས་གྲུབ་བྱས་པའི་ནང་རིགས་ཆེ་གྲས་དྲུག་གི་རྣམ་གྲངས553ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར128.4བཏང་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།