ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། “བསྐྱར་དུ་རྒྱལ་ལམ་318དུ་སྐྱོད་”ཅེས་པའི2017ལོའི་ཀྲུང་གོའི་རླངས་འཁོར་རིག་གནས་གཞུང་ཕྱོགས་ཚོང་བཤད་རླུང་འཁོར་རུ་ཁག་རྔ་མཇུག་ལ་བརྒལ་ཏེ་བོད་རང་སྐྱོང་ལྗོངས་ཤར་རྒྱུད་ཀྱི་མཚེའུ་ཆེན་པོ་དང་པོ་ར་འོག་མཚོ་རུ་འབྱོར་བ་རེད།
ར་འོག་མཚོ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་ཀྱི89kmཡི་ཁྲོན་བོད་གཞུང་ལམ་འགྲམ་དུ་ཆགས་ཡོད་ཅིང་། ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་བ་ལུང་གཙང་པོའི་འབྱུང་ཁུངས་རེད། ར་འོག་མཚོའི་མཐའ་འཁོར་གྱི་རི་སྟེང་དུ་རིམ་བརྩེགས་སྒང་གཤོང་དུ་ཆགས་པའི་གངས་རིའི་ཁ་བ་ལོ་འཁོར་མོར་མི་ཞུ་བ་དང་། ར་འོག་ཤང་ས་མཚམས་སུ་གྱུར་ཏེ་སྤོ་བོའི་ཕྱོགས་སུ་ནི་ར་འོག་སྨད་ཡིན་པ་དང་། རྫ་ཡུལ་གྱི་ཕྱོགས་སུ་ནི་ར་འོག་སྟོད་རེད།
མཚོ་འགྲམ་གྱི་ལྷོ་ནུབ་ཕྱོགས་སུ་གངས་རི་དཀར་པོ་ཡོད་པ་དང་། ལྷོ་ཕྱོགས་སུ་ཨ་གྲགས་གངས་ལྷ་ཡོད་ཅིང་། བྱང་ཤར་ཕྱོགས་ལ་སྤོ་སུམ་ལྷ་གླིང་(伯舒拉¬岭)¬ཡོད་པ་རེད། ཕྱོགས་བཞིའི་གངས་རིའི་ཁ་བ་བཞུས་པ་ལས་ར་འོག་མཚོར་ཆུ་གསབ་ནས་མཚོ་ཆུ་ནུབ་ཕྱོགས་སུ་འབབ་ཅིང་ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་བ་ལུང་གཙང་པོ་འབྱུང་ཁུངས་གཙོ་བོར་གྱུར་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བསྐྱར་དུ་རྒྱལ་ལམ318ནས་བསྐྱོད་དེ་བོད་ཤར་གྱི་མཚེའུ་ཆེན་པོ་དང་པོ་ར་འོག་མཚོ་རུ་འབྱོར་བ།