བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4པའི་ཚེས11ཉིན།  རྒྱལ་ཡོངས་ཀྱི་ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་བསྟུན་ནས།  ལྗོངས་ཡོངས་ཀྱི་ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ན་ནིང་རང་ལྗོངས་ཀྱི་ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་ཚན་པ་ཁག་གིས་ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་ལས་དོན་འདི་ཉིད་གནས་བབས་གལ་ཆེན་ཐོག་བཞག་ཏེ།  ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་ལས་ཀའི་གལ་ཆེའི་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས།  ལས་དོན་དེ་བཏང་སྙོམས་འགྲན་རྩོད་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང༌།  འཛད་སྤྱོད་ཁྲོམ་ར་ལེགས་བཅོས་བཏང་བའི་གཙོ་གནད་ལས་ཀར་རྩིས་ནས་དམ་འཛིན་བྱེད་པ་དང་།  ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ནས་རིགས་ཁག་གི་ཆེད་དོན་བཅོས་སྒྲིག་ལས་དོན་མུ་མཐུད་སྒྲུབ་ཏེ།  ལྗོངས་ཡོངས་ཁེ་དབང་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་ནས།  ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་རྒྱུན་མཐུད་ལེགས་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།