བོད་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་བསམ་འཆར་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4པའི་ཚེས11ཉིན།  བོད་རང་སྐྱོང་ལྗོངས་ནས་ལྗོངས་ཡོངས་ཀྱི་བོད་སྐྱོར་སྣེ་འཁྲིད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཞུགས་མོལ་ཚོགས་འདུ་འཚོགས་ནས།  ས་ཁུལ༼གྲོང་ཁྱེར༽ཁག་གི་བོད་སྐྱོར་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་འབྲེལ་མཐུད་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་།  ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི་ཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་བསམ་འཆར་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ་མ་ཟད་གོམ་སྟབས་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད། 

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཆི་མེད་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

ཚོགས་འདུའི་ཐོག་དེང་སྐབས་བོད་སྐྱོར་དབུལ་སྐྱོར་བྱ་ཐབས་དོན་འཁྱོལ་དང་ཐོན་ལས་འབྲེལ་མཐུད་ལས་ཀར་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག  ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཐོན་ལས་ཀྱི་དོན་གཉེར་མཉམ་ལས་བྱས་ནས།  ཚན་རྩལ་གྲུབ་འབྲས་ལ་སྐུལ་འདེད་གཏོང་བ་དང་ཤེས་ལྡན་པ་ནང་འདྲེན་བརྒྱུད་ལག་རྩལ་སྦྱོང་བརྡར་བྱེད་པ།  ཕྱོགས་གཉིས་པོའི་མཉམ་ལས་ལས་སྟེགས་གཏོད་པ།  ས་ཆ་དང་རྩྭ་ར་བརྒྱུད་བཤུག་སྟེགས་བུ་གཏོད་པ།  འབྲེལ་མཐུད་རྒྱབ་སྐྱོར་ལས་ཀའི་གཙོ་གནད་མངོན་ཆེར་འཛིན་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།   །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།