བོད་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གིས2017ལོའི་དཔྱིད་དུས་སློབ་དུས་ཀྱི་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4པའི་ཚེས11ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ། རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གིས་སྤྱི་ལོ2017ལོའི་དཔྱིད་དུས་སློབ་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་ཚོགས་པ་དང༌།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་དབུ་འཛིན་ཏིང་ཡས་ཤན་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཡས་ཤན་ནས་སློབ་གྲྭར་སློབ་སྦྱོང་ལ་ཕེབས་པའི་འགོ་ཁྲིད་ལས་བྱེད་པ་ཏང་གི་སློབ་གྲྭའི་ནང་སླེབས་པ་ཙམ་གྱིས་སྤྱིར་བཏང་གི་སློབ་མ་ཞིག་ཡིན་པས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་སྟེ།  ཆབ་སྲིད་ལ་སྣང་ཆེན་བྱས་ནས་དད་སེམས་ཡོད་པའི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་པ་དང༌།  ཐོག་མཐའ་བར་གསུམ་དུ་ཡོངས་སུ་ལྷག་བསམ་རྣམ་དག་དང་ཐོག་མཐའ་བར་གསུམ་དུ་འགན་འཁུར་ཕོད་པ།  ཐོག་མཐའ་བར་གསུམ་དུ་སྙིང་རུས་ཆེན་པོས་ལས་དོན་སྤེལ་བ།  ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་སྲུང་སྐྱོང༌།  ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་གཅུན།  ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་སེམས་ནང་དམངས་ཡོད་པ།  སེམས་ནང་འགན་འཁྲི་ཡོད་པ།  སེམས་ནང་སྡོམ་ཁྲིམས་ཡོད་པ་བཅས་ཐོག་ནས་བདེན་པ་བདེན་ཐུབ་ཀྱི་མི་དང་བདེན་དཔང་དྲང་གཞག་གི་ལས་ཀ།  སྤྱོད་པ་གཙང་བའི་དཔོན་བཅས་བྱེད་དགོས་པ་དང་།  སློབ་སྦྱོང་གི་གོ་སྐབས་གཅེས་སྤྲས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་བྱས་ནས་སློབ་སྦྱོང་བྱེད་པ་དང་སྒྲིག་ཁྲིམས་ནན་སྲུང་བྱས་ནས་སློབ་སྦྱོང་བྱེད་པ།  དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ།  ཤེས་བྱ་གསར་བརྗེ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འཇོན་ཐང་ཆེ་རུ་བཏང་ནས།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།