བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ།  གྲོང་གསེབ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  སྤྱི་ལོ2016ལོའི་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་དང་སྤྱི་ལོ2017ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཅང་ཇེ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ས་ཆའི་ཐོན་ཁུངས་དོ་དམ་ཚན་པས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་དོ་དམ་སྔར་བས་གསར་གཏོད་བྱེད་པ་དང་།  ཐོན་ཁུངས་མཁོ་འདོན་ཐད་སྔར་བས་ཚན་རིག་དང་མཐུན་པ།  ནུས་ལྡན་ཐོག་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་འགྱུར་བ་བྱས་ཏེ།  རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཀྱི་གྲུབ་ཆ་དང་ལམ་ལུགས་མཁོ་སྒྲུབ་ཀྱི་ནུས་པ་གལ་ཆེན་ཏན་ཏིག་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།