བོད་ལྗོངས་ཀྱི་ཚོང་རྟགས17ངོས་འཛིན་གཏན་འཁེལ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས30ཉིན།  བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཁག་བཅུ་ངོས་འཛིན་གཏན་འཁེལ་དང་གྲགས་ཅན་ཚོང་རྟགས་ཁག་བདུན་པ་མཐུད་འགྲེམ་དཔྱད་ཞིབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། 

ཚོགས་ཞུགས་ཨུ་ཡོན་དང་ཁོངས་གཏོགས་ཚན་པའི་འཐུས་མིས་དཔྱད་ཞིབ་བྱས་པ་བརྒྱུད།  བོད་ལྗོངས་ས་མཐོའི་གཅེས་ནོར་འབྲིའི་འོ་མའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས17གྱིས་རེ་ཞུ་བྱས་པའི་ས་མཐོའི་གཅེས་ནོར་ཞེས་པ་སོགས་ཀྱི་ཚོང་རྟགས17། བོད་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཁག་བཅུ་པར་ངོས་འཛིན་གཏན་འཁེལ་བྱས་པ་དང་།  བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭའི་ལྷ་ཆུའི་བོད་སྨན་ཞེས་པ་སོགས་ཁེ་ལས15ཡི་ཚོང་རྟགས16། བོད་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཁག་བདུན་པའི་མཐུད་འགྲེམ་ནང་ཞུགས་རྒྱུར་མོས་མཐུན་བྱས་པ་རེད། 
       ཤེས་རྟོགས་བྱས་པར་གཞིགས་ན།  2016ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་གོ་ཆོད་ཐོ་འགོད་ཚོང་རྟགས་ཁག8797ཟིན་ནས།  2013ལོའི་ལོ་མཇུག་གི་ཚོང་རྟགས་ཁག3667ལས140%འཕར་ཏེ་ཉེ་བའི་ལོ་གསུམ་རིང་ཆ་སྙོམས་འཕར་ཚད34%ཟིན་ཡོད།  ལྗོངས་ཡོངས་ཀྱི་གྲགས་ཅན་ཚོང་རྟགས་ཁག119ཟིན་ནས་སྤྱི་ལོ2013ལོའི་ལོ་མཇུག་གི་གྲགས་ཅན་ཚོང་རྟགས་ཁག72ལས39%འཕར་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།