ས་གཞི་གཤིན་པོར་དཔྱིད་དཔལ་རབ་ཏུ་བཞད།

༡.jpg

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོའི་གཉའ་གཅོག་མཛད་སྒོ་ཚོགས་ཡུལ་ཡིན་པ།

༢.jpg

 ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོའི་གཉའ་གཅོག་མཛད་སྒོའི་ཐོག་གྲོང་མི་ཚོས་བསང་ཁ་བསང་གསོལ་བྱས་ཏེ་འདི་ལོ་ལོ་ཕྱུགས་ལེགས་པ་དང་ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཞུ་བཞིན་པ།

༣.jpg

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོའི་གྲོང་མིས་གཉའ་གཅོག་མཛད་སྒོའི་ཐོག་ཕན་ཚུན་ཕྱེ་མར་འདེགས་རེས་བྱེད་བཞིན་པ།

༤.jpg

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོའི་ཞིང་པས་ས་བོན་སྟོར་བཞིན་པ།

༥.jpg

 ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོའི་གྲོང་མིས་ཞིང་ཁ་རྨོས་པའི་ཤུལ་དུ་ས་བོན་སྟོར་བཞིན་པ།

༦.jpg

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོའི་ཞིང་པས་སྦར་ཤལ་འཐེན་བཞིན་པ།

༧.jpg

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོའི་གཉའ་གཅོག་མཛད་སྒོའི་ཐོག་གྲོང་མིས་འདྲུད་འཐེན་འཁོར་ལོར་ཁ་བཏགས་གཡོགས་བཞིན་པ།

དགུན་གྱི་གྲང་ངར་རིམ་བཞིན་ཡལ་རྗེས་མཚོ་བོད་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད།ལོ་རེའི་གཉའ་གཅོག་མཛད་སྒོའི་ཚེས་གྲངས་བོད་ཀྱི་གནམ་དཔྱད་སྐར་རྩིས་དང་། གནམ་གཤིས་སྔོན་བརྡ། ཡུལ་བབ་བཅས་གཞིར་བཟུང་གཏན་འཁེལ་བྱེད་ཀྱི་ཡོད།

དཔྱིད་ཉི་རིང་པོ་གྲང་གསུམ་དྲོ་གསུམ་ཡིན་ནའང་དཔྱིད་རྨོད་དཔྱིད་འདེབས་གོང་གི་རྨོད་གྲབས་ལས་ཀར་འཐུས་ཤོར་ཕྲན་ཙམ་ཡང་སོང་མེད།འདྲུད་འཐེན་འཁོར་ལོའི་སྒྲས་ལྷ་སའི་ཞིང་ཁུལ་གྱི་ཁུ་སིམ་ཁད་ཀྱིས་དཀྲོགཤ་ཤེད་རྒྱས་ཤིང་པའི་རྨོན་མཛོ་དོར་སྦྲེལ་གྱིས་རྨོད་རྒྱག་འགོ་ཚུགས་པ་དེ་ཐོག་ནས་གཉའ་གཅོག་མཛད་སྒོ་འགོ་ཚུགས་པ་མཚོན་ཡོད། གཉའ་གཅོག་གི་རྨོད་དང་པོ་དེ་ལོ་རྟགས་འདི་ལོ་དང་གཅིག་མཚུངས་ཡིན་པའི་སྐྱེས་པ་ཞིག་གིས་འགོ་ཁྲིད་པ་དང་ལོ་རྟགས་གཅིག་པ་ཡིན་པའི་བུད་མེད་ཀྱིས་བཀྲ་ཤིས་མཚོན་པའི་སོན་བཟང་བཤོས་ནས་རྨོན་མཛོ་གཞན་རྣམས་དེའི་རྗེས་སུ་རིམ་པ་བཞིན་རྨོད་རྒྱག་དགོས་ཀྱི་ཡོད།གཉའ་གཅོག་མཛད་སྒོ་མཇུག་འགྲིལ་རྗེས་སྐྱེས་པ་གཡས་དང་བུད་མེད་གཡོན་ལ་ལངས་ནས་ལྷ་རྒྱལ་འཐེན་ནས་ཆུར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། 

དེ་རྗེས་ཕོ་མོ་རྒན་གཞོན་ཚང་མ་དགའ་སྤྲོ་འཁོལ་བའི་ངང་སྒོར་གཞས་རྒྱག་གི་ཡོད།ལོ་ཟླའི་འཕེལ་གྲིབ་དང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་རྨོན་འདེབས་ཤེས་དཔལ་རིམ་བཞིན་དར་རྒྱས་གོང་འཕེལ་ཕྱིན་ནས་གངས་ལྗོངས་ས་མཐོའི་གནས་མཆོག་འདིར་འཚོ་བ་སྐྱེལ་མཁན་མི་རབས་མང་པོར་བདེ་སྐྱིད་བསྐྲུན་ཡོད།དཀར་ཞིང་གཙང་བའི་ཁ་བཏགས་དང་། རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར། གཙང་མར་བཀྲུས་པའི་འདྲུད་འཐེན་འཁོར་ལོ། གཙང་ལ་མཐོང་སྣང་དོད་པའི་རྨོད་རྒྱག་འཕྲུལ་འཁོར་དང་བརྔ་བསྡུ་འཕྲུལ་འཁོར། ལུས་ལ་གཟབ་མཆོར་སྤྲས་པའི་མང་ཚོགས་ཞིང་ནང་དུ་འཛོམས་ནས་གཉའ་གཅོག་མཛད་སྒོ་འཚོགས་པའི་སྣང་ཚུལ་འདི་ནི་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་ཞིག་དང་འདྲ་བར་ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་སའི་ཡངས་པའི་ས་གཞི་གཤིན་པོའི་ཐོག་དལ་བུར་འགྲེམ་བཞིན་འདུག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།