བོད་ལྗོངས་ཀླུ་ནང་གནས་སྐོར་གྲོང་རྡལ་ཆུང་བ་གཉེར་འགོ་ཚུགས་པ།

F2017033013525085667304217.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3ཚེས28ཉིན། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་ལོ6རིང་མཉམ་དུ་འཛུགས་སྐྲུན་བྱས་ཤིང་། རང་བྱུང་ཡུལ་ལྗོངས་དང་། དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ། རྨང་གཞི་སྒྲིག་བཀོད་ལེགས་པ་བཅས་གཞི་གཅིག་ཏུ་འདུས་པའི་ཀླུང་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་བ་ལས་གཉེར་བྱས་ནས་ཡུལ་སྐོར་བ་བསུ་འགོ་ཚུགས་པས། མཛེས་སྡུག་ལྡན་པའི་བོད་ལྗོངས་ལ་བག་ཕེབས་གུང་སེང་གཏོང་བར་འགྲོ་ཡུལ་ཡག་པོ་ཞིག་སྣོན་སྐྲུན་བྱས་པ་རེད། 

ཀླུ་ནང་གྲོང་རྡལ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300ཡོད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་གྲོང་རྡལ་དང་བར་ཐག་སྤྱི་ལེ80ཡས་མས་ཡོད་པའི་གནས་སུ་ཆགས་ཤིང་། དེ་ལ"ཤར་ཕྱོགས་ཀྱི་སུའུ་ཙེར"ཞེས་པར་གྲགས་པ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་དང་། གནམ་ལྕགས་འབར་བ། རྨིག་སྟོད་འཁྱགས་ཀླུང་། མཛེས་ལྗོངས་ལམ་ཆེན་གྱི་རྒྱལ་རིམ་གཞུང་ལམ318པའི་མཛེས་ལྗོངས་ཁུལ་ཁ་ཤས་བཅས་གྲོང་རྡལ་འདིའི་ཉེ་འཁོར་དུ་ཡོད་པས། ཀླུ་ནང་ལ་བོད་ལྗོངས་ཉིང་ཁྲིའི“གྲོང་རྡལ་མཛེས་ཤོས”སུའང་གྲགས་པ་རེད། 

F2017033013530193667304218.jpg

ལས་གཉེར་བྱེད་འགོ་ཚུགས་པའི་ཉིན་དེར། མི་སྟོང་གི་རྡོ་ཁོག་གསོལ་སྟོན་དང་། རྟ་གཞོན་མདའ་འཕེན། ཡུལ་སྐོར་བས་གླིང་ག་གཏོང་བ། རྣལ་མ་འཁྲུལ་མེད་ཀྱི་དམངས་སྲོལ་འཁྲབ་སྟོན། 《ཤམ་བྷ་ལ་རུ་བསྐྱོད་པ་》ཞེས་པའི་རིག་རྩལ་འཁྲབ་སྟོན་སོགས་གསོན་ཉམས་ལྡན་པའི་བྱེད་སྒོ་ངོ་མཚར་ཆེ་བ14སྤེལ་ཞིང་། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཡུལ་སྐོར་བ6000ལྷག་གིས་མཉམ་དུ་དགའ་རྩེད་རོལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།