ལྷོ་ཁར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས26ཉིན་གྱི་སྔ་དྲོར། ལྷོ་ཁ་གྲོང་ཁྱེར་གྱིས“3·28”ཀྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་པ་དང་། རྒན་རྒོན་ཚོས་ངག་ཐོག་ནས་བོད་གསར་རྙིང་བསྡུར་བའི་སྐོར་གླེང་བ། རིག་རྩལ་འཁྲབ་སྟོན་བྱེད་པ། སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་གོང་དཀར་རྫོང་ཁྱིམ་བཞི་ཤང་ཁྱིམ་བཞི་གྲོང་ཚོར“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་འཛུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་སྲོག་ཤིང་ལ་མིག་ལྟོས་བྱས་ནས་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། བོད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་དང་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་དྲང་ནུས་ཆེན་པོ་གཅིག་སྒྲིལ་ཐུབ་ཆེད་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་གནང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་སྒོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཉིན་རེའི་ལས་རིམ་གལ་ཆེན་ནང་བཅུག་པ་དང་སྤྱི་ཡོངས་ཀྱི་ལས་ཀའི་ནང་བཞག་ནས་ཇུས་འགོད་ནན་ཏན་བྱེད་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད། བྱེད་སྒོ་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ58འཁོར་བར་དྲན་གསོ་ཞུ་བའི་འགོ་འཛུགས་སར་བརྩིས་ཡོད་པ་རེད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ནང་དོན་གཙོ་བོར་བརྩིས་ཏེ་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་པ་དང་། རྒན་རྒོན་ཚོས་ངག་ཐོག་ནས་བོད་གསར་རྙིང་བསྡུར་བའི་སྐོར་གླེང་བ། གླུ་གར་འཁྲབ་སྟོན་བྱེད་པ། སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་སྟབས་བསྟུན་ངང་མཚོན་པར་བྱས་པས་གསོན་ཉམས་དོད་པའི་ནང་དོན་དང་ལྟད་མོ་ཆེ་བའི་འཁྲབ་ཚན་ལས་དེ་གར་ཡོད་པའི་ལྟད་མོ་བ་ཚོར་དགའ་སྤྲོ་མཉམ་སྐྱེས་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞི་རྟེན་གསར་གཏོད་ཐད་འབད་བརྩོན་བྱེད་པ་དང་ཕན་འབྲས་དངོས་ཐོན་པར་ཐབས་ཤེས་བཙལ་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ནས་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།