བོད་ལྗོངས་ཀྱིས2020ལོར་སླེབས་སྐབས་ལོ་རེར་ཆ་སྙོམས་ནགས་བཟོ་བྱེད་ཚད་རྒྱ་ཁྱོན་མུའུ་ཁྲི90ཡན་ཟིན་པ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སླད་ཕྱིན་ལོ་ཁ་ཤས་ནང་།  བོད་ལྗོངས་ཀྱིས་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་བཏང་ནས།  2020ལོར་སླེབས་སྐབས་ལོ་རེར་ཆ་སྙོམས་ནགས་བཟོ་བྱེད་ཚད་རྒྱ་ཁྱོན་མུའུ་ཁྲི་ཚོ90ཡན་ཟིན་པ་བྱ་རྒྱུ་ཡིན། 

བོད་ལྗོངས་ནགས་ལས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ཚུལ་ཁྲིམས་རྒྱ་མཚོས་ངོ་སྤྲོད་གནང་བར་གཞིགས་ན།  2016ལོར་བོད་ལྗོངས་ཀྱིས་ཁྱོན་ནགས་བཟོ་མུའུ་ཁྲི་ཚོ83.79དང་ནགས་སྐྱོང་མུའུ་ཁྲི་ཚོ36.8 རེས་འཁོར་གསར་པའི་ཞིང་དོར་ནགས་སྤེལ་གྱི་ལས་གཞི་མུའུ50000བཅས་ལེགས་སྒྲུབ་བྱས་པ་མ་ཟད་བོད་ལྗོངས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ནང་གི་བྱེ་འགོག་བྱེ་བཅོས་ཀྱི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་ཚོ138.8ལེགས་སྒྲུབ་བྱས་པས།  ལྗོངས་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གོང་འཕེལ་ཆེན་པོ་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད། 
       གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  2017ལོར་བོད་ལྗོངས་ཀྱིས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཚད་ལ་མུ་མཐུད་དམིགས་ནས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དང་འགོག་སྲུང་ནགས་ཚལ་མ་ལག  ལྷ་སའི་ཉེ་འཁོར་གྱི་ནགས་བཟོ་སོགས་ལས་གཞི་རབ་དང་རིམ་པ་འཛུགས་སྐྲུན་ཡག་པོ་བྱས་ནས་ལོ་འཁོར་མོའི་ནགས་བཟོའི་འཆར་གཞི་མུའུ་ཁྲི་ཚོ90ལས་མི་དམའ་བ་ཟིན་པ་བྱེད་རྒྱུ་དང་ཆབས་ཅིག  མུའུ་ཁྲི་ཚོ59ཡི་བྱེ་འགོག་བྱེ་བཅོས་དང་མུའུ་ཁྲི་ཚོ13.7གི་རེས་འཁོར་གསར་པའི་ཞིང་དོར་ནགས་སྤེལ་གྱི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་ཡིན་པ་རེད། 
      རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ལོ་ལྔ་ཚན་བཅུ་གསུམ་པའི་ལས་ཀའི་གཙོ་གནད་ནང༌། 2020ལོར་སླེབས་སྐབས་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་སྤང་ལྗོངས་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ15རེ་དང་གྲོང་ཚོ་དང་སྡེ་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད25%ལས་མི་དམའ་བ་ཟིན་པ་བྱ་རྒྱུ་གསལ་སྟོན་བྱས་ཡོད། 
     གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར39ལྷག་བཏང་ནས་ནགས་བཟོ་མུའུ་ཁྲི་ཚོ516.55དང་ནགས་སྐྱོང་མུའུ་ཁྲི་ཚོ144བྱས་པ་མ་ཟད་མི་ཐེངས་ཁྲི་ཚོ540འོས་འགན་སྡོང་འཛུགས་ནང་ཞུགས་ནས་སྡོང་ཕྲུག་མུའུ་ཁྲི་ཚོ12ལྷག་བཙུགས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།