བོད་ལྗོངས་ཀྱི་ཁེ་ལས17རྒྱལ་ཡོངས་མངར་རག་འགྲེམས་ཚོགས་སྐབས་གོ་དྲུག་པའི་ནང་ཞུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་མངར་རག་འགྲེམས་ཚོགས་དེ་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིར་ཤུགས་རྐྱེན་ཆེན་པོ་ཡོད་པའི་འགྲེམས་ཚོགས་ཆེ་གྲས་ངོས་ནས་དོ་ཁུར་ཆེན་པོ་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོར།  སྐབས་གོ་དྲག་པའི་མངར་རག་འགྲེམས་ཚོགས་དེ་སྤྱི་ཟླ3པའི་ཚེས23ཉིན་ཁྲེན་ཏུར་འཚོགས་རྒྱུ་ཡིན་པ་དང༌།  བོད་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཁེ་ལས17འགྲེམས་ཚོགས་ནང་ཞུགས་རྒྱུ་དང༌ས་མཐོའི་ཁྱད་ལྡན་ཐོན་རྫས་སྣེ་ཁ་བརྒྱ་ཕྲག་འདོན་རྒྱུ་ཡིན། 

2014ལོ་ནས་བཟུང༌།  བོད་ལྗོངས་ཀྱིས་ཐེངས་དང་པོ་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ནང་ཞུགས་རྗེས་ལོ་རེའི་མངར་རག་འགྲེམས་ཚོགས་ཚང་མར་རང་ལྗོངས་སྲིད་གཞུང་གིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཞུགས་ཀྱི་ཡོད།  བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་རྣམས་ལྷད་མེད་དང༌གདོད་མ།  འབག་བཙོག་མེད་པ།  སྦྱོར་ཏ་མེད་པ་བཅས་ཀྱི་སྤུས་རྟགས་བརྩོན་ལེན་བྱེད་ཀྱི་ཡོད་པས་ལོ་རེའི་མངར་རག་འགྲེམས་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་ཡོད། 
      བོད་རང་སྐྱོང་ལྗོངས་ཁྱད་ལྡན་ཐོན་རྫས་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཧུའུ་ཀྲི་ཡུང་གིས་ངོ་སྤྲོད་གནང་བར་གཞིགས་ན།  ད་ལོར།  བོད་ལྗོངས་ཀྱི་འགྲེམས་ཚོགས་ནང་ཞུགས་པའི་ཁེ་ལས17ནི་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་ནས་ཡོང་བ་ཡིན་ཞིང་འགྲེམས་ཚོགས་ཐོག་འདོན་རྒྱུའི་ཐོན་རྫས་ནང་རང་བྱུང་འཐུང་ཆུ་དང༌སྦྲང་རྩི།  སྤོས།  ནས་ཀྱི་ཐོན་རྫས།  འབྲིའི་འོ་མའི་ཐོན་རྫས།  ཚགས་ཤའི་ཐོན་རྫས་སོགས་ཡོད།  ཧུའུ་ཀྲི་ཡུང་གིས་ད་ལོའི་གན་རྒྱ་འཇོག་རྒྱུའི་དངུལ་འབོར་ན་ནིང་ལས་མང་བ་བྱུང་ནས་སྒོར་དུང་ཕྱུར1.8ཟིན་རྒྱུའི་རེ་བ་ཡོད།  མངར་རག་འགྲེམ་ཚོགས་འདི་བརྒྱུད་མི་དེ་བས་མང་བས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཤེས་རྟོགས་ཐུབ་རྒྱུ་དང་ཆབས་ཅིག  བོད་ཀྱི་ཁྱད་ལྡན་ཐོན་རྫས་ཇེ་ལེགས་ཇེ་ཆེར་གཉེར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།