ན་ནིང་བོད་ལྗོངས་ཡོངས་སུ་ཞིང་འབྲེལ་འགན་བཅོལ་གུན་གསབ་སྒོར་དུང་ཕྱུར3.76སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར2016ལོའི་ཆུ་ཤུར་རྫོང་ས་གཙང་བདེ་ཐང་ཐོན་ལས་དང་ཞིང་འབྲེལ་འགན་བཅོལ་གུན་གསབ་ཀྱི་ཚོགས་འདུའི་ཐོག་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི་ཡུལ་མི་འཇིགས་མེད་ཚེ་རིང་གིས་ན་ནིང་ནས་མུའུ20བཏབ་ཀྱང70%ཙམ་ལ་ཐན་པ་བྱུང་ནས་ཐོན་འབབ་ཤུགས་ཆེན་ཆག་སོང་། གནས་ཚུལ་དངོས་ལ་བརྟག་དཔྱད་བྱས་རྗེས་ང་ལ་གུན་གསབ་སྒོར7000ལྷག་གནང་བ་ཡིན་ཞེས་གསར་འགོད་པར་བཤད། བསྡོམས་རྩིས་ལ་གཞིགས་ན། 2016ལོ་ཧྲིལ་པོར་བོད་ལྗོངས་ཀྱི་ཞིང་འབྲེལ་འགན་བཅོལ་སྒོར་དུང་ཕྱུར3.76གུན་གསབ་བྱས་པ་དག་གི་ནང་འདེབས་འཛུགས་དང་། གསོ་སྤེལ། ཁང་པ། དྲོད་ཁང་སོགས་ཡོད་པ་རེད།

ཉིན་དེའི་སྔ་དྲོར་འཚོགས་པའི་གུན་གསབ་སྤྲོད་པའི་ཚོགས་འདུའི་ཐོག་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི་དང་ཆུ་ཤུར་རྫོང་སྲོག་རྟེན་འགན་བཅོལ་གྱི“ཞིང་གསུམ”ཞབས་ཞུའི་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཡུལ་མི་དང་ཁེ་ལས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཡོང་ཆེད་ཞིང་འབྲེལ་འགན་བཅོལ་སོགས་ཀྱི་གུན་གསབ་སྒོར་ཁྲི1241སྤྲད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།