བོད་ལྗོངས་ཀྱིས་ཁྲལ་དོན་གྱི་འགྲོ་ལུགས་སྟབས་བདེར་བཏང་བས་དམངས་ལ་ཕན་ཡོན་བཟང་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོ་ནས་བཟུང༌།  བོད་རང་སྐྱོང་ལྗོངས་རྒྱབ་ཁབ་ཁྲལ་དོན་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲལ་དོན་གྱི་འགྲོ་ལུགས་སྟབས་བདེར་གཏོང་བའི་བྱ་སྤྱོད་སྤེལ་ནས།  འགན་ནུས་ཏན་ཏིག་བསྒྱུར་བ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པས།  ཁྲལ་འཇལ་མཁན་གྱི་བློ་ཡིད་འཚིམ་ཚད་དང་ཁྲལ་དོན་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་ཚད་ཆེ་རུ་ཕྱིན་ཡོད། 

བོད་ལྗོངས་ཁྲལ་དོན་ཅུས་ཁྲལ་འཇལ་ཞབས་ཞུ་ཁྲུའི་ཁྲུའུ་ཀྲང་རྣམ་གྲགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན།  ཁྲལ་དོན་གྱི་འགྲོ་ལུགས་སྟབས་བདེར་གཏོང་བའི་བྱ་སྤྱོད་སྤེལ་རིང་རྒྱལ་ཁབ་ཀྱི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད།  ཁྲལ་འཇལ་མཁན་གྱི་ཁུར་པོ་ཡང་དུ་གཏོང་བའི་སྤྱིའི་བླང་བྱ་གཞིར་བཟུང་སྲོལ་རྒྱུན་གྱི་བྱ་ཐབས་ཐད་བོད་རྒྱ་སྐད་གཉིས་ཀྱི་ཞབས་ཞུ་དང་ཆུ་ཚོད24ཡི་གེགས་མེད་ལམ་བུ།  སྔོན་མངག་ཞབས་ཞུ་སོགས་ཀྱི་བྱ་ཐབས་རྒྱུན་འཁྱོངས་བྱེད་པ་དང༌བྱ་ཐབས་གསར་གཏོད་བྱེད་པའི་ཐད་མཉམ་འབྲེལ་དྲ་རྒྱ་དང་ཁྲལ་དོན་ཟུང་འབྲེལ་བྱེད་རྒྱུ་དང་།  ཁྲལ་བབ་ཆ་འཕྲིན་ཅན་འཛུགས་སྐྱོང་ཟམ་མི་ཆད་པ་བྱེད་རྒྱུས་གོ་སྐབས་བྱས་ཏེ།  དྲ་ཐོག་རེ་ཞུ་དང་འཕྲིན་ཕྲན་དང་པོད་འཕྲིན་ཐོག་ཁྲལ་དོན་དྲིལ་བསྒྲགས་ཤུགས་ཆེ་བྱས་པས་ཁྲལ་འཇལ་མཁན་ཚོས་ཁྲལ་དོན་གྱི་འགྲོ་ལུགས་གཉེར་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།