​བོད་ལྗོངས་ཡོངས་ཀྱི་ཉོ་ཚོང་འཁོར་རྒྱུགས་ཁྱབ་ཁོངས་ནང་ལོ་སར་གོང་གི་ཁྲོམ་རར་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ2པའི་ཚེས23ཉིན་གྱི་སྔ་དྲོ།  བོད་རང་སྐྱོང་ལྗོངས་ཀྱི་ཚོང་དོན་ཐིང་དང་བཟོ་ཚོང་ཅུད།  སྤུས་བཤེར་ཅུད།  བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུད་སོགས་ཀྱི་འབྲེལ་ཡོད་ཚན་པ་ལས་གྲུབ་པའི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཞིབ་བཤེར་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ཉོ་ཚོང་འཁོར་རྒྱུགས་ཁྱབ་ཁོངས་ནང་ལོ་སར་གོང་གི་ཁྲོམ་རར་ཞིབ་བཤེར་བྱས་པ་རེད། 

ཞིབ་བཤེར་ཚོགས་ཆུང་ནས་ཉོ་ཚོང་ཁྱབ་ཁོངས་ཀྱི་ཁྲོམ་རར་ཞིབ་བཤེར་བྱེད་པའི་རྨང་གཞིའི་ཐོག་མི་ཚོགས་མང་བ་དང་ངལ་ནུས་གཅིག་རྣམ་པའི་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་མངོན་ཆེར་འཛིན་ནས་བཟའ་བཅའ་དང་སྨན་རྫས།  སྒོ་རྩིས་ཚོང་ཁང༌།  ཞིང་ཞོར་ཁྲོམ་ར།  བཟའ་འཐུང་ཁེ་ལས་སོགས་གཙོ་གནད་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩར་ཞིབ་བཤེར་བཅོས་སྐྱོང་བྱས་པ་དང་སྤྱི་ལོ2016ལོའི་སྟབས་བསྟུན་ཟུར་འཐེན་ཞིབ་བཤེར་ཁྲོད་གནད་དོན་ཡོད་པའི་ཁེ་ལས་ཁག་ཅིག་ལ་རྗེས་སྙེགས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། 
     ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད་ལོ་གསར་གོང་གི་ཁྲོམ་རའི་སྤྱིའི་འཁོར་རྒྱུགས་བརྟན་པོ་ཡོད་པ་དང་མཁོ་སྤྲོད་འདེང་ངེས་ཡིན་པ།  ཟོག་གོང་བརྟན་པ།  བཟའ་བཅའ་དང་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་བློས་འཁེལ་བཅས་ཡོད་པ་ཤེས་རྟོགས་བྱུང་ཡོད།   ། 
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།