བོད་ལྗོངས་ཀྱི་མི་རིགས་དང་ལས་རིགས་སོ་སོའི་ཏང་ཕྱིའི་འཐུས་མི་རྣམས་ཀྱིས་བོད་ལུགས་ལོ་སར་བསུ་བའི་ཇ་སྟོན་ཚུགས་འདུ་བསྡུས།

W020170221397875097651.jpg

འདི་ནི་ཇ་སྟོན་ཚོགས་རའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཏང་ཕྱིའི་འཐུས་མི་རྣམས་མཉམ་གཅིག་ཏུ་འཛོམས་ནས་དགའ་སྤྲོའི་ངང་མེ་མོ་བྱ་ལོའི་བོད་ལུགས་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ། སྲིད་གཞུང་གི་བློ་འདྲི་ས། བོད་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་བསྐལ་བཟང་ཚེ་རིང་ཚོགས་འདུ་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

བསྐལ་བཟང་ཚེ་རིང་གིས་བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་རླིང་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བའི་འཐུས་མི་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་ཏེ་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་མ་ཟད། ཤིས་ཚིག་ཁྲོད་བསྟན་དོན། 2016ལོར། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུའི་སྲིད་ཇུས་ཆེན་མོའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་བའི་དུས་རིམ་གསར་བ་རུ་སླེབས་ཡོད། བོད་ལྗོངས་ཀྱི་མི་རིགས་དང་ལས་རིགས་སོ་སོའི་ཏང་ཕྱིའི་འཐུས་མི་རྣམས་ཀྱིས་བོད་ལྗོངས་ཀྱི་གོང་འཕེལ་མྱུར་པོ་དང་ཡུན་རིང་གི་བརྟན་རླིང་ལ་ཤུགས་བསྣན་པར་དམངས་ཡོངས་ཀྱི་བློ་གཅིག་སེམས་གཅིག་གི་རྣམ་པ་གསར་བ་མཚོན། འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་དེ་བོད་ལྗོངས་ཏང་ཨུ་དང་། སྲིད་གཞུང་། རིམ་པ་སོ་སོའི་སྡེ་ཁག་སོ་སོས་མགོ་ཁྲིད་ཡང་དག་དང་ཐུགས་འཁུར་རྒྱབ་སྐྱོར། དེ་མིན་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མི་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་འབད་བརྩོན་དང་བྲལ་ཐབས་མེད་པས། ལོ་གསར་བའི་ནང་། བོད་ལྗོངས་ཀྱི་མི་རིགས་དང་ལས་རིགས་སོ་སོའི་ཏང་ཕྱིའི་འཐུས་མི་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕེན་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་ཡོང་བའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་རླིང་སྲུང་སྐྱོང་བྱེད་པའི་བྱ་བ་ནན་གྱིས་སྒྲུབ་དགོས་ཟེར།

ཚོགས་འདུར་ཞུགས་པའི་བོད་ལྗོངས་ཀྱི་མི་རིགས་དང་ལས་རིགས་སོ་སོའི་ཏང་ཕྱིའི་འཐུས་མི་རྣམས་ཀྱིས་མཉམ་དུ་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། བློ་བརྟན་འགྱུར་མེད་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཞུགས་ཏེ། རང་ཉིད་ཀྱི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། བྱས་རྗེས་ཕུལ་བྱུང་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་ཚོགས་པར་རེ་སྒུག་བྱེད་བཞིན་ཡོད་པར་བསྟན།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།