ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་ཐོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ།

W020170217605260920179.jpg

ཚལ་གུང་ཐང་ཤང་གི་ཞིང་པས་སྔོ་ཚལ་དྲོད་ཁང་དུ་སྔོ་ཚལ་སྐྱེ་ཚུལ་ལྟ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར།  ལྷ་ས་གྲོང་ཁྱེར་གྱི་ཚལ་རིགས་ཁག་གི་ཁྱོན་ཐོན་འབབ་ཀྲོན་ཁྲི29.01ཟིན་ནས་ལོའི་ཐོན་ཚད་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་གཏོད་ཡོད།  ད་ལྟ་ལྷ་ས་གྲོང་ཁྱེར་གྱིས་ཡུག་གཅིག་ཏུ་འབྲེལ་བའི་ཞིང་ལས་ཕྱོགས་བསྡུས་རྟེན་གཞི16སྐྲུན་ཡོད་པ་དང་།  དེ་དག་ཀྱང་སྔར་གྱི་སྨྱུག་མས་བཟོས་པའི་དྲོད་ཁང་དང་གྱང་གིས་བཟོས་པའི་དྲོད་ཁང་ནས་ད་ཆ་ལྕགས་སྒྲོམ་འགྱིག་འཐུམ་དྲོད་ཁང་དང་སོ་ཕག་ཉི་འོད་དྲོད་ཁང་།  སྟར་སྒྲིག་རིག་ནུས་དྲོད་ཁང་བཅས་སུ་འཕེལ་རྒྱས་བཏང་བ་མ་ཟད།  ཞིང་ལས་འདེབས་འཛུགས་ཡང་རྒྱུན་གཏན་གྱི་སྔོ་ཚལ་འདེབས་འཛུགས་ནས་ད་ལྟའི་ཞི་ཀྭ་དང་བཟའ་བྱའི་ཤ་མོ།  མེ་ཏོག  བོད་སྨན་སྨན་རྫས་བཅས་ལ་འཕེལ་རྒྱས་བཏང་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།