​ལྷ་ས་གྲོང་ཁྱེར་གྱི་དུས་གཏན་འགྲུལ་སྐྱེལ་ལམ་ཐིག་བསྒྱུར་བཅོས་ལེགས་འགྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་ཐོན་ལས་ཚོགས་པས་མཚོ་བོད་ས་མཐོའི་འགྲུལ་སྐྱེལ་རླངས་འཁོར་གྱི་ལག་རྩལ་བླང་བྱ་དང་།  བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་སྒྲིག་གཞི་བསྒྱུར་བཅོས་ཇུས་གཞི་སོགས་འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་།  ལྷ་ས་གྲོང་ཁྱེར་གྱི་དུས་གཏན་འགྲུལ་སྐྱེལ་གྱི་ལམ་ཐིག་ལ་ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱས་པ་དང་༌དེང་སྐབས་བསྒྱུར་བཅོས་ལས་དོན་ལེགས་སྒྲུབ་ཟིན་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་གཞུང་ལམ་གྱི་དུས་གཏན་འགྲུལ་སྐྱེལ་ལམ་ཐིག་བསྒྱུར་བཅོས་ལས་དོན་དེ་སྤྱི་ཟླ་དང་པོའི་ཚེས18ནས23ཉིན་བར་སྤེལ་བ་དང༌།  ཁྱོན་འགྲུལ་སྐྱེལ་རླངས་འཁོར423དང་འབྲེལ་བ་ཡོད།  བོད་ལྗོངས་ཧྲུན་ཏཱ་འགྲུལ་སྐྱེལ་ཚད་ཡོད་ཀུང་སིའི་འགན་ཁུར་བས་སྤྱི་ཟླ1པོའི་ཚེས19ཉིན་ནས་བཟུང་བསྒྱུར་བཅོས་བྱས་རྗེས་ཀྱི་རླངས་འཁོར་གསར་པ་ལྷ་ས་གྲོང་ཁྱེར་གྱི་འགྲུལ་སྐྱེལ་ས་ཚུགས་ཆེ་གྲས་ཁག་ཏུ་སྔ་རྗེས་སུ་བཀོད་སྒྲིག་བྱས་པ་དང་།  འབྲེལ་ཡོད་བོདAའཁོར་བྱང་གི་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་ཁྱོན423ཡོད་པའི་ནང་ས་མཐོའི་འགྲུལ་སྐྱེལ་རླངས་འཁོར་གསར་པ313ཡོད་ཞེས་ངོ་སྤྲོད་བྱས་པ་རེད། 
        ཤེས་རྟོགས་བྱས་པར་གཞིགས་ན།  དེང་སྐབས་ཀྱི་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་ཚང་མརGPSཡི་ལྟ་སྐུལ་ཚོད་འཛིན་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་དྲ་སྦྲེལ་ལྟ་སྐུལ་ཚོད་འཛིན་ཐུབ་ཀྱི་ཡོད།  ལྷ་ས་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་ཐོན་ལས་ཚོགས་པས་ལྷ་སའི་ཡུལ་སྐོར་ཞབས་ཞུ་བཀོད་གཏོང་ལྟེ་གནས་བཙུགས་ཏེ།  ཀུང་སིའི་རིམ་པ་དང་པོའི་ལྟ་སྐུལ་ཚོད་འཛིན་སྟེགས་བུའི་ངོས་ནས་ཚོགས་པའི་མངའ་འོག་གི་འགྲུལ་སྐྱེལ་རླངས་འཁོར་ཡོད་པའི་ཡན་ལག་ཀུང་སིར་ལྟ་འདོམས་བྱེད་ཀྱི་ཡོད།  དེང་སྐབས་ཡན་ལག་ཀུང་སི་ཁག་གི་འཁོར་རིགས་ཀྱི་གྲངས་གཞིའི་ཆ་འཕྲིན་རྩིས་སྤྲོད་བྱེད་བཞིན་པའི་སྒང་ཡིན།  དེས་མ་ཚད་ཡན་ལག་ཀུང་སི་ཁག་གིས་ཀྱང་རང་ཉིད་ཀྱི་རིམ་པ་གཉིས་པའི་ལྟ་སྐུལ་ཚོད་འཛིན་སྟེགས་བུ་བཙུགས་ཡོད་པས།  རིམ་པ་བཞིན་ལྟ་སྐུལ་ཚོད་འཛིན་ཐུབ་ནས་རླངས་འཁོར་གཉེར་སྐྱོང་བདེ་འཇགས་འགན་སྲུང་ཐུབ་ཡོད་པ་རེད།   ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།