ལྷ་ལྡན་གཙུག་ལག་ཁང་གི་དར་ལྕོག་གསར་བ་བརྗེ་ནས་བོད་ལུགས་ལོ་སར་བསུས།

wKhTlVia9XWEfH9BAAAAAJOoliw244.jpg

འདི་ནི་ཟླ2པའི་ཚེས8ཉིན་ས་གནས་སོ་སོ་ནས་ཡོང་བའི་དད་ལྡན་མང་ཚོགས་ཀྱིས་དར་ལྕོག་འགེལ་བཞིན་པའི་ཚུལ་རེད། 

ཉིན་དེར་ལྷ་ལྡན་གཙུག་ལག་ཁང་གི་ལས་བྱེད་མི་སྣས་སྲོལ་རྒྱུན་ལྟར་ལྷ་ལྡན་གཙུག་ལག་ཁང་ཉེ་འགྲམ་གྱི་སྨི20ལྷག་ཡོད་པའི་དར་ཤིང5ལ་དར་ལྕོག་གསར་བ་བརྗེ་ནས་བོད་ལུགས་ལོ་སར་བསུས་ཤིང་། ས་གནས་སོ་སོ་ནས་ཡོང་བའི་དད་ལྡན་མང་ཚོགས་ཀྱིས་སྨོན་འདུན་མཚོན་པའི་དར་ལྕོག་དར་ཤིང་སྟེང་དུ་དཀྲིས་ཏེ་གནམ་ལོ་གསར་བར་རེ་འདུན་གསར་བ་བཅིང་བཞིན་ཡོད།

wKhTlVia9XWEHj_lAAAAAKpAP40112.jpg

འདི་ནི་ཟླ2པའི་ཚེས8ཉིན་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པས་རྒྱ་གླིང་བོས་ནས་དར་ལྕོག་གསར་བ་བརྗེ་བར་རྟེན་འབྲེལ་ཞུ་བཞིན་པའི་ཚུལ་རེད།

wKhTlVia9XWEO_UNAAAAAPtThoA125.jpg
འདི་ནི་ཟླ2པའི་ཚེས8ཉིན་དད་ལྡན་མང་ཚོགས་ཀྱིས་སྤྲང་དཀར་རྩམ་པ་དགུང་ལ་མཆོད་དེ་གསོལ་བ་འདེབས་བཞིན་པའི་ཚུལ་རེད།

wKhTlFia9TyECvuOAAAAAEN5mT4437.jpg
འདི་ནི་ཟླ2པའི་ཚེས8ཉིན་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པས་གསོལ་བ་འདེབས་བཞིན་པའི་ཚུལ་རེད།

wKhTlFia9TyECpyRAAAAAJWFt8U648.jpg
འདི་ནི་ཟླ2པའི་ཚེས8ཉིན་དད་ལྡན་མང་ཚོགས་ཀྱིས་ལྷ་ལྡན་གཙུག་ལག་ཁང་གི་ཐང་ཆེན་དུ་དར་ལྕོག་བརྗེ་བཞིན་པའི་ཚུལ་རེད།

wKhTlVia9XWEfzwiAAAAAIvDTHI641.jpg
འདི་ནི་ཟླ2པའི་ཚེས8ཉིན་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པས་དར་ལྕོག་བརྗེ་བའི་ཡུལ་དངོས་ནས་རྒྱ་གླིང་འབུད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།