2016ལོར་བོད་ལྗོངས་ཀྱིས་སློབ་གསོའི་བྱ་གཞག་གོང་འཕེལ་གྱི་ལོ་རྒྱུས་གསར་པ་ཞིག་འགོ་བརྩམས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སློབ་གསོ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་མ་འོངས་པར་བོད་ལྗོངས་ཀྱི་སློབ་གསོའི་གོང་འཕེལ་སྐོར་གླེང་སྐབས།  བོད་ལྗོངས་ཀྱིས་གཙོ་གནད་ཐོག་འོས་འགན་སློབ་གསོའི་ཞན་ཆ་ཕྱོགས་ཡོངས་ནས་སེལ་བའི་ལས་གཞི་དང་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་རྒྱུ།  སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་བཅས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ།  གྲོང་གསེབ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ལས་གཞི་ཆེན་པོ་ལྔ་སྐྲུན་རྒྱུ་མ་ཟད།  ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོ་དང་སློབ་གསོ་ཆ་འཕྲིན་ཅན་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས།  ལས་རིགས་སློབ་གསོ་དང་སློབ་གསོ་ཆ་འཕྲིན་ཅན་ལས་ཀ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

ཕུར་བུ་ཚེ་རིང་གིས་སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་སློབ་གསོ་དང་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་ལས་ཀའི་སྲོལ་རྒྱུན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས།  བོད་ཀྱི་ཁྱད་ཆོས་ལྡན་པའི་ཀུན་སྤྱོད་སློབ་གསོ་དང་བསམ་བློ་ཆབ་སྲིད་ལས་ཀའི་མ་ལག་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ།  སློབ་གསོའི་གྲུབ་ཆ་རྒྱུན་མཐུད་ལེགས་འགྱུར་བྱས་ནས་དེང་རབས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།  སློབ་གྲྭའི་དམིགས་ཚད་དོ་དམ་དང་བྱས་འབྲས་དོ་དམ་ལམ་སྲོལ་འཛུགས་ནས་དེང་རབས་སློབ་གྲྭའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།  རོགས་སྐྱོར་བྱེད་ཡུལ་སློབ་གྲྭའི་མི་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས་པའི་ངོས་འཛིན་གནང་ཡོད།
      ཕུར་བུ་ཚེ་རིང་གིས་སློབ་གསོའི་སྟོབས་ཆེའི་ཁུལ་གཏོད་པའི་དམིགས་ཚད་སྒྲུབ་ཆེད།  སླད་ཕྱིན་བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱིས་ལས་རིགས་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་བསྒྱུར་བཅོས་བྱེད་པ་དང་།  ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ཤེས་ལྡན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག  ལྗོངས་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དེ་ཡང་སློབ་གསོའི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ནས་སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ་དང་།  ལོ་བཅོ་ལྔའི་རིན་མེད་སློབ་གསོ་དང་འགན་ལེན་གསུམ་གྱི་སྲིད་ཇུས།  རིགས་ཁག་སྦྱངས་ཐོན་གཟིགས་བཟོས་དངུལ་དང་སློབ་རོགས་མ་དངུལ།  སློབ་རོགས་དངུལ་བུན་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལེགས་བཅོས་བྱེད་པ།  བུ་བཅོལ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  སློབ་གྲྭ་འབྲིང་ཆུང་གི་རྟ་སྒ་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ།  རྒྱལ་ཁབ་ཀྱི་དཔེ་མཚོན་ལས་རིགས་སློབ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།