2016ལོར་ལྷ་ས་གྲོང་ཁྱེར་དུ་ལས་ཞུགས་མ་སྣ་ཁྲི1.6ལྷག་གསར་སྣོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷ་སའི་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2016ལོར་ལྷ་ས་གྲོང་ཁྱེར་དུ་ལས་ཞུགས་མ་སྣ16251གསར་སྣོན་བྱས་ཤིང་། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཏེ་མི15500ལས་ཞུགས་བྱེད་པའི་བྱ་བའི104.8%ལེགས་འགྲུབ་བྱུང་ནས། གྲོང་རྡལ་གྱི་ལས་ཤོར2.2%ཡི་ཚུན་དུ་ཚོད་འཛིན་བྱས་ཡོད། ལས་ཞུགས་སྟོང་ཁྱིམ་མེད་པའི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པ་མ་ཟད། ལས་གནས21377གསར་སྤེལ་བྱས་ཏེ་ཚད་ལས་བརྒལ་ཏེ་ལས་འགན་ཡོངས་རྫོགས་ལེགས་འགྲུབ་བྱས།

2016ལོར་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དབུལ་ཕོངས་ངལ་རྩོལ་ཞབས་ཞུ་བྱ་ཡུལ་གཙོ་བོ་རུ་བཟུང་ནས། ལས་ཞུགས་སྤོ་སྒྱུར་ལ་བརྟེན་ནས་དབུལ་སེལ་བྱ་བར་སྐུལ་འདེད་བཏང་། ལས་རིགས་ངོ་སྤྲོད་དང་ལས་ཞུགས་རོགས་སྐྱོར་སོགས་ཐབས་ལམ་སྣ་མང་བརྒྱུད་དེ་ལྷ་སའི་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་བྱ་བ་གོང་འཕེལ་བྱུང་བར་སྐུལ་འདེད་བཏང་།

ངོ་སྤྲོད་ལྟར་ན། 2017ལོར་གཞི་རིམ་གྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་། ལྷ་ས་གྲོང་ཁྱེར་གྱིས་བོད་ལྗོངས་ཀྱི་སྤྱི་བའི་ལས་ཞུགས་ཆ་འཕྲིན་དོ་དམ་ལ་ལག་ཁྱབ་སྤེལ་དུ་བཏང་ནས། ལྷ་སའི་ལས་ཞུགས་སྐོར་གྱིAPPགསར་སྤེལ་དང་། གྲོང་ཁྱེར་དང་། རྫོང་། སྲང་ལམ། སྡེ་ཁུལ་བཅས་ལ་ཁྱབ་པའི་རིམ་པ་བཞི་བའི་ལས་ཞུགས་ཞབས་ཞུ་མ་ལག་དང་ལས་ཞུགས་ཆ་འཕྲིན་དྲ་བ་བཙུགས་ནས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ངལ་ལས་ཐོན་རྫས་གསར་བསྐྲུན་བྱས་ཏེ་རོང་འབྲོག་པས་ལས་ཞུགས་སྤོ་སྒྱུར་བྱེད་པའི་ནུས་ཤུགས་མཐོར་འདེགས་གཏོང་རྒྱུ་རེད།   །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།